མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུའུ་ལཱ་ཞེ་མུས་ཀྱིས་སི་རི་ཡཱའི་ཕྱོགས་ཁག་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱེད་པར་འཐད་པ་བྱུང་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱིས་ཚེས་ཉེར་བཞིའི་ཉིན་སོ་སོར་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིར་གྲོས་མོལ་བྱས་རྗེས་བསྟན་དོན། སི་རི་ཡཱའི་ཕྱོགས་ཁག་གཉིས་ཀྱིས་རི་ནེ་ཝའི་སྤྱི་བསྒྲགས་དང་ལེན་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཚེས་ཉེར་ལྔ་ཉིན་ཐད་ཀར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

པུའུ་ལཱ་ཞེ་མུས་ཀྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རི་ནེ་ཝའི་སྤྱི་བསྒྲགས་ཀྱི་དོན་ཚན་རེ་འགར་གོ་བ་ལེན་ཚད་མི་འདྲ་བ་ཡོད་ཀྱང་། སི་རི་ཡཱའི་ཕྱོགས་ཁག་གཉིས་ཀྱིས་རི་ནེ་ཝའི་སྤྱི་བསྒྲགས་དེ་ཐེངས་འདིའི་གྲོས་མོལ་གྱི་རྨང་གཞི་བྱེད་པར་དང་ལེན་བྱས་ཡོད་པར་མ་ཟད། ཚེས་ཉེར་ལྔ་ཉིན་པུའུ་ལཱ་ཞེ་མུས་དང་མཉམ་དུ་ཐད་ཀར་གྲོས་མོལ་བྱེད་རྒྱུར་འཐད་པ་བྱུང་ཡོད་ཟེར། པུའུ་ལཱ་ཞེ་མུས་ཀྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མིག་སྔར་ད་རུང་གནད་དོན་གཙོ་བོར་གྲོས་བསྡུར་བྱས་མེད་ལ། ཚེས་ཉེར་ལྔ་ཉིན་མགོ་རྩོམ་རྒྱུ་ཡིན་པའི་གྲོས་མོལ་ནས་ཐོག་མར་དོན་དངོས་ཀྱི་གནད་དོན་རེ་འགར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། དེ་ལྟར་བྱས་ན་གྲོས་མོལ་མུ་མཐུད་དུ་སྤེལ་བར་ཕན་ཐོགས་ཡོད་ཟེར།

སི་རི་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་གྲོས་མོལ་ལས་ཕྱིར་འབུད་སྲིད་པར་བརྗོད་པའི་གནས་ཚུལ་ལ་དམིགས་ཏེ་པུའུ་ལཱ་ཞེ་མུས་ཀྱིས་བཤད་རྒྱུར། མི་སུ་ཡང་ཚེས་ཉེར་ལྔ་ཉིན་ཕྱིར་འབུད་མི་སྲིད་ལ། ང་ཚོས་རྗེས་ཕྱོགས་ཀྱི་གྲོས་རིམ་གཏན་འཁེལ་བྱས་ནས། ཚེས་ཉེར་ལྔ་དང་ཚེས་ཉེར་དྲུག་ཉིན་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན། གྲོས་མོལ་ལ་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ལྡན་ཡང་དེ་ནི་རྟེན་འབྲེལ་གྱི་ཐོག་མ་ཡིན་པས། ཕྱོགས་གཉིས་ཀྱིས་མ་འོངས་པའི་གྲོས་མོལ་ཁྲོད་གྲོས་མཐུན་འབྱུང་བར་རེ་བས་ཁེངས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག