མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སིང་ག་ལཱ་དང་མར་ཏའེ་ཝེ་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་ཙུང་ཐུང་ལཱ་ཅཱ་ཕཱ་ཁི་སཱ་ཡིས་ཚེས22ཉིན་ཁི་ལོན་ཕའོ་ནས་འཚམས་འདྲིར་ཡོང་བའི་མར་ཏའེ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡཱ་མེན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་ལོར། ཉ་གསོ་ལས་རིགས། ཞིང་ལས། སློབ་གསོ། འགོག་སྲུང་། རྒྱ་མཚོའི་ལས་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གཅིག་གྱུར་འཐད་པ་བྱུང་།

རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་ན་གཞོན་གྱི་རྩལ་ནུས་གསར་སྤེལ་དང་ནག་ཉེས་ལ་ཆམ་ཕབ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཞི་བཀོད།

ཡཱ་མེན་ཚེས21ཉིན་ཁི་ལོན་ཕའོ་རུ་འབྱོར་ནས། སིང་ག་ལཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་གསུམ་གྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་ཡཱ་མེན་གྱིས་ན་ནིང་ཟླ11པར་མར་ཏའེ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་ཁུར་བའི་ཚུན་གྱི་འཚམས་འདྲི་ཐེངས་གཉིས་པ་ཡིན་ལ། ཁོས་ད་ལོའི་ཟླ1པོའི་ཟླ་མགོར་རྒྱ་གར་ལ་འཚམས་འདྲི་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག