མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་གྲོས་མོལ་སླར་གསོ་བྱས་ཏེ་མུ་མཐུད་དུ་མཉམ་ལས་བྱེད་འདོད་ཡོད་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པའི་གནད་དོན་ཐད་ནས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

བུའུ་ཁི་ལན་སྲིད་གཞུང་གིས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་མཚམས་བཞག་པ་ཁྱབ་སྒྲོག་བྱས་རྗེས། བུའུ་ཁི་ལན་རྒྱལ་ནང་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་སྤེལ་བ་དང་། རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་ལོ་གསར་བའི་ནད་ཅུང་ཙམ་ཞི་འཇགས་སུ་ཡོང་ཡོད་ཀྱང་། ཟླ་དང་པོའི་ཚེས་བཅུ་དགུའི་ཉིན་བུའུ་ཁི་ལན་ནས་ཡང་བསྐྱར་མང་ཚོགས་ཀྱི་འདུ་ཚོགས་སྤེལ་ནས། བུའུ་ཁི་ལན་གྱི་ཙུང་ཐུང་གིས་ཁྱབ་སྒྲོག་བྱས་པའི་བཅའ་ཁྲིམས་ལ་ངོ་རྒོལ་བྱས་པ་དང་། འདུ་ཚོགས་དེ་མཇུག་མཐར་ཉེན་རྟོག་ཕྱོགས་དང་མང་ཚོགས་བར་གྱི་འཁྲུག་རྩོད་དུ་གྱུར་ནས། ཁྲིམས་སྐྱོང་མི་སྣ་དང་མང་ཚོགས་མང་བོར་རྨས་ཕོག

གནས་ཚུལ་དེ་འདྲའི་འོག བུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡི་བརྡ་འཕྲིན་སྲིད་ཇུས་ཟི་ཡི་ཟི་ཀྲང་ཡེ་ཧྥུའུ་ཀིན་ནེ་ཕའེ་ལེ་པུས་ནེ་སི་ཡིས་བཤད་རྒྱུར། ང་ཚོས་ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མོལ་སླར་གསོ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་གཉིས་ཕན་གྱི་ཆ་རྐྱེན་འོག་མཉམ་འབྲེལ་གྲོས་ཆོད་འགོད་པའི་གོ་སྐབས་འཚོལ་ཞིབ་བྱེད་པར་རེ་བ་བཅངས་ཡོད་ཟེར།

དེའི་སྔོན་། བུའུ་ཁི་ལན་གྱི་ཙུང་ལི་ནེ་ཀུའུ་ལཱ་ཨ་ཀྲ་ལོ་ཧྥུའུ་ཡིས་ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་བསྟན་དོན། ཅི་ཧྥུའུ་ནས་སྒོ་ཁྲལ་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་བར་མཉམ་ལས་བྱེད་པར་ཐག་གཅོད་བྱས་མེད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་བུའུ་ཁི་ལན་བར་ཆབ་སྲིད་མཉམ་འབྲེལ་དང་དཔལ་འབྱོར་གཞི་གཅིག་ཅན་གྱི་མཉམ་ལས་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག