མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕྱོགས་མང་བོས་མཉམ་འབྲེལ་གྱིས་མིང་བཀོད་དེ་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་འཕྲིན་ཡིག་བསྐུར་ནས་སི་རི་ཡཱའི་བྱིས་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས22ཉིན་སྤྱི་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་བཅས་པའི་ཕྱོགས་མང་བོའི་མི་སྣས་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་བསྐུར་བའི་འཕྲིན་ཡིག་ཅིག་གི་སྟེང་མིང་བཀོད་ནས། འཐབ་འཁྲུག་གི་སྡུག་བསྔལ་མྱོང་ཞིང་ཁྱིམ་གཞིས་དང་བྲལ་བའི་སི་རི་ཡཱའི་བྱིས་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར།

འཕྲིན་ཡིག་དེའི་ནང་བཤད་རྒྱུར། སི་རི་ཡཱའི་བྱིས་པའི་དཀའ་སྡུག་ལ་ཀུན་གྱིས་དོ་སྣང་བྱེད་དགོས་པ་དང་། འཁྲུག་རྩོད་ལས་བྱིས་པ་ཁྲི་གཅིག་དང་སྟོང་གཅིག་ལྷག་གི་ཚེ་སྲོག་ཤོར་བ་དང་། བྱིས་པ་ས་ཡ་བཞི་ལྷག་ལ་འགྲོ་སའི་ཁྱིམ་གཞིས་མེད་པར་གྱུར་ཡོད་ལ། དེའི་ནང་བྱིས་པ་ས་ཡ་གཅིག་ལྷག་སི་རི་ཡཱ་དང་མི་འབྲལ་ཐབས་མེད་དུ་གྱུར་ཡོད། འཁྲུག་རྩོད་ས་ཁུལ་ནས་ཐར་མེད་པའི་བྱིས་པ་འབུམ་ཕྲག་འགའ་ལ་རོགས་སྐྱོར་གང་ཡང་ཐོབ་ཐབས་མེད་ཟེར།

འཕྲིན་ཡིག་དེ་འགོད་མཁན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མའོ་སི་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་ལས་དོན་ཁང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་སྔོན་ཆད་ཀྱི་ཆོས་བདག་ཆེན་མོ་ཐུའུ་ཐུའུ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་ཡོན་ཀི་ཨོ་ཨར་ཅི་ཡེ་ཝ། རྩ་འཛུགས་རེ་འགའི་འགན་ཁུར་བ་སོགས་ཡོད།

སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་དེ་ཚེས22ཉིན་སུའེ་ཙེར་གྱི་མིན་ཐི་ལེ་ནས་ཚོགས་པ་དང་། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་རེད། སི་རི་ཡཱའི་འཐབ་འཁྲུག་བྱུང་ནས་ལོ་ངོ་གསུམ་འགོར་བའི་རིང་ལ། མི་འབུམ་གཅིག་ལྷག་གི་ཚེ་སྲོག་ཤོར་བ་དང་། མི་ས་ཡ་དགུ་ཙམ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག