མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱིས་མུ་མཐུད་དུ་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་ལ་ཡར་སྐུལ་བྱེད་དགོས་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས21ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་ལྟེ་གནས། དེ་མིན་ས་ཁུལ་རྩ་འཛུགས་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱིས་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་དང་གྲོས་མོལ་ནང་རྐྱེན་ལ་བརྟེན་ནས་ཞི་བདེ་དང་བརྟན་འཇགས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས་པ་ནན་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གསང་བའི་གྲོས་མོལ་བསྡུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་ལྟེ་གནས་ཀྱི་ཀྲུའུ་རིན་ཡན་ཆཱ་ཡི་འདས་པའི་ཟླ་ངོ་དྲུག་རིང་གི་བྱ་བའི་སྙན་ཞུ་ལ་ཉན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་དང་སྔོན་འགོག་ནང་རྐྱེན་ལ་བརྟེན་ནས་རྩོད་གླེང་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་པ་དང་། ལྟེ་གནས་དེས་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་རྒྱལ་ཁབ་དག་གིས་མཉམ་ལས་ལ་བརྟེན་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་རྩོད་ཐག་གཅོད་བྱས་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱས་པར་གཟེངས་བསྟོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག