མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ལེ་པཱ་ནུན་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས21ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་ངོས་ས་ཁུལ་ནས་ཉིན་དེར་བྱུང་བའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་གནོད་ཐེབས་མཁན་གྱི་ཁྱིམ་མི་དང་ལེ་པཱ་ནུན་སྲིད་གཞུང་། མི་དམངས་བཅས་ལ་འཚམས་འདྲི་བྱས་པ་དང་། འཇབ་རྒོལ་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། ལེ་པཱ་ནུན་ནས་ཡང་དང་བསྐྱར་དུ་འཇིགས་སྐུལ་དང་དྲག་ཤུགས་དོན་རྐྱེན་བྱུང་བ་ནི་ཀུན་གྱིས་དང་ལེན་བྱེད་དཀའ་བ་ཞིག་རེད་ཟེར། ཕན་ཅི་བུན་གྱིས་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་ནམ་རྒྱུན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁྱད་པར་དུ་བདེ་འཇགས་དམག་དཔུང་གིས་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཧུར་ཐག་སྒོས་མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། དེ་ནི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་བཟང་བོ་ཞིག་རེད་ཟེར།

འགད་རྫས་གང་དྲུད་པའི་རླངས་འཁོར་ཞིག་ཉིན་དེར་པེ་རུ་ཐིའི་ལྷོ་ངོས་ཀྱི་ཟ་ཁང་ཞིག་གི་ཉེ་འདབས་ནས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བདུན་ལ་རྨས་ཕོག དེ་ནི་པེ་རུ་ཐིའི་ལྷོ་ངོས་ས་ཁུལ་ནས་བྱུང་བའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་པ་རེད། སི་རི་ཡཱའི་ཉམས་ཉེན་གྱི་ཤུགས་རྐྱེན་དབང་གིས་ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་བ་དང་། རྒྱལ་ས་པེ་རུ་ཐི་དང་བཅས་པའི་ས་ཁུལ་མང་བོར་འགས་གཏོར་དང་མེ་མདས་བརྒྱབ་པའི་དོན་རྐྱེན། བཙན་ཁྲིད་སོགས་དྲག་ཤུགས་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག