མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་ལ་བརྟེན་ནས་སི་རི་ཡཱ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་ཡིས་ཚེས་ཉེར་གཅིག་ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཧེ་ཀི་ཡིས་ཁ་པར་ལས་བསྟན་དོན། དབྱི་ལིང་གིས་ཉིས་སྟོང་བཅུ་གཉིས་ལོར་བཀོད་པའི་རི་ནེ་ཝའི་སྤྱི་སྒྲོག་ཁས་ལེན་བྱས་པའི་རྨང་གཞིའི་སྟེང་། དབྱིན་ཇི་རྒྱལ་ཁབ་ཀྱིས་དབྱི་ལིང་དང་མཉམ་དུ་སི་རི་ཡཱའི་གནད་དོན་ཐད་ནས་མཉམ་ལས་བྱེད་འདོད་ཡོད་ཟེར།

དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཧེ་ཀི་ཡིས་དབྱི་ལིང་ཚེས་ཉི་ཤུ་ཉིན་ནས་བཟུང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རི་ནེ་ཝའི་དུས་རིམ་དང་པོའི་གྲོས་མཐུན་ལག་བསྟར་བྱེད་མགོ་བརྩམས་པར་དགའ་བསུ་ཞུས་པ་དང་། བྱ་སྤྱོད་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཞི་འཇགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་འདོད།

དབྱི་ལིང་གིས་ཚེས་ཉི་ཤུའི་ཉིན་ནས་བཟུང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་བར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དུས་རིམ་དང་པོའི་གྲོས་མཐུན་ལག་བསྟར་བྱེད་མགོ་བརྩམས་པ་དང་། འདུས་ཚད་བརྒྱ་ཆའི་ཉི་ཤུ་ཡིན་པའི་ཉིང་རྡུལ་ཐོན་རྫས་ཀྱི་ཞིབ་འཇུག་བྱ་འགུལ་མཚམས་བཞག ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་རྗེས་སུ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཇེ་ལྷོད་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཧེ་ཀི་ཡིས་བཤད་རྒྱུར། དབྱིན་ཇི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་བར་མཉམ་ལས་བྱས་ཏེ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཧེ་ཀི་དང་ཀྲ་ལི་ཧྥུའུ་གཉིས་ཀྱིས་ཁ་པར་གཏོང་སྐབས་རྒྱལ་ཁབ་གཉིས་ཀྱི་རྒྱུན་སྡོད་མིན་པའི་གནས་སྐབས་གཞུང་ཚབ་པས་ཕན་ཚུན་འཚམས་འདྲི་བྱེད་པར་དགའ་བསུ་ཞུས་པ་དང་། ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་སྔར་སྲོལ་འགྱུར་མེད་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག