མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ད་ལོའི་ཟླ་བརྒྱད་པར་ཨ་མེ་རི་ཁ་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཐོག་མ་གཙོ་སྒྲུབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ད་ལོའི་ཟླ་བརྒྱད་པའི་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར་རྒྱལ་ས་ཝ་ཧྲིན་ཏོན་ནས་ཨ་མེ་རི་ཁ་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པའི་གྲོས་ཚོགས་ཐོག་མ་གཙོ་སྒྲུབ་བྱས་ཏེ། ས་ཁུལ་དེའི་བར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཝ་ཧྲིན་ཏོན་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པར་ཐུག་འཕྲད་བྱས་ཏེ། ཨ་མེ་རི་ཁ་དང་གསོན་ཤུགས་རབ་ཏུ་རྒྱས་ཤིང་འཕེལ་རྒྱས་མགྱོགས་པའི་ས་ཁུལ་དེའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་རིམ་དེ་ཨོ་པཱ་མཱ་ཡིས་ན་ནིང་ཨ་ཧྥེ་རི་ཁ་གླིང་དུ་འཚམས་འདྲི་བྱས་པའི་གྲུབ་འབྲས་དེ་རྨང་གཞིར་བྱས་ཤིང་། གཙོ་བོ་ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་ཉོ་ཚོང་དང་དངུལ་གཏོང་ལ་ཤུགས་སྣོན་པ་དང་། ཞོར་དུ་ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་གླིང་གི་བདེ་འཇགས་དང་དམངས་གཙོ། ས་ཁུལ་དེའི་མི་དམངས་བཅས་ལ་ཁས་ལེན་བྱས་པའི་དམ་བཅའ་སྣ་ཚོགས་འབུར་དུ་ཐོན་པར་བྱས་ཡོད་ཟེར།

ན་ནིང་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་ནས་ཟླ་བདུན་པའི་ཚེས་གཉིས་ཉིན་བར། ཨོ་པཱ་མཱ་ཡིས་སེ་ནེ་ཀལ་དང་ཨ་ཧྥེ་རི་ཁ་ལྷོ་མ། ཐན་ཙན་ནི་ཡཱ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག