མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི40རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས21ཉིན་གྱི་ཞོགས་པར་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི24རྐྱེན་ལམ་དུ་ཤོར་བ་དང་། མི15ལ་རྨས་ཕོག་ཟེར། དེ་ནི་ཉིས་སྟོང་བདུན་ལོའི་ཚུན་ལ་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཐོག་དང་པོར་ས་ཁུལ་དེར་བར་སྣང་ནས་འཇབ་རྒོལ་བྱས་པ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཉིན་དེར་འཐབ་འཛིང་གནམ་གྲུ་དང་དྲག་ཆས་གྱེན་འཕུར་གནམ་གྲུ་མང་བོ་བཀོལ་ནས་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གྱི་མུས་ཨར་ཨ་ལི་རུ་བར་སྣང་ནས་འཇབ་རྒོལ་བྱས། ས་དེའི་མང་ཚོགས་ཀྱིས་བཤད་རྒྱུར། དམག་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་མ་བྱས་གོང་ཉེན་བརྡ་ཅི་ཡང་བཏང་མེད་ཟེར། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། ཉིན་དེའི་བར་སྣང་གི་འཇབ་རྒོལ་ལས་མི་སེར་དཀྱུས་མ་དང་བཅས་པའི་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག དེ་ལས་གཞན་བར་སྣང་འཇབ་རྒོལ་དེ་ལས་ཁང་བ་མང་བོར་གཏོར་བརླག་ཐེབས་ཟེར།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་བཤད་རྒྱུར། ཐེངས་འདིའི་བར་སྣང་གི་འཇབ་རྒོལ་ནི་སྔོན་ལ་འཆར་གཞི་འཐེན་པ་ཞིག་མིན་ཟེར། འཐབ་འཛིང་གནམ་གྲུ་ལ་བཀའ་རྒྱ་འབྱོར་རྗེས་མྱུར་མོར་ཆས་པ་ཡིན། འཇབ་རྒོལ་གྱི་དམིགས་འབེན་ནི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཁོ་ན་ཡིན་ཟེར།

མིག་སྔའི་བར་དུ་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་དོན་རྐྱེན་དེ་ལས་མི་སེར་དཀྱུས་མ་རྐྱེན་ལམ་དུ་ཤོར་ཡོད་མིན་ཁྱབ་སྒྲོག་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག