མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གིས་གདན་ཞུས་ལྟར་སི་རི་ཡཱའི་གནད་དོན་གྱི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཡང་སྔོན་འགྲོའི་ཆ་རྐྱེན་འདོན་མི་རུང་བར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་བུད་མེད་མགྲིན་ཚབ་པ་ཨ་ཧྥུའུ་ཁཱ་མུའུ་ཡིས་ཚེས20ཡི་ཉིན་བཤད་རྒྱུར། དབྱི་ལིང་གིས་སྔོན་འགྲོའི་ཆ་རྐྱེན་མེད་པའི་གནས་ཚུལ་འོག་གཟའ་འཁོར་འདིའི་ནང་སུའེ་ཙེར་ནས་བསྡུ་རྒྱུ་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

ཨ་ཧྥུའུ་ཁཱ་མུའུ་ཡིས་བཤད་རྒྱུར། དཔོན་ཕྱོགས་ཀྱིས་གདན་ཞུས་ལྟར། དབྱི་ལིང་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་དེ་ཟླ་འདིའི་ཚེས22ཉིན་བསྡུ་རྒྱུ་རེད། དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས19ཡི་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ལིང་དང་བཅས་པའི་རྒྱལ་ཁབ་མང་བོ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པར་དངོས་སུ་གདན་ཞུ་བྱས་ཡོད་ཟེར།

གནས་ཚུལ་དེའི་ཐད་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་རྒྱལ་ཡོངས་མནའ་འབྲེལ་གྱིས་ཚེས20ཡི་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་སི་རི་ཡཱའི་གནད་དོན་གྱི་གྲོས་ཚོགས་ལ་ཞུགས་པའི་གདན་ཞུ་མེད་པར་མ་བཟོས་ན། རྒྱལ་ཡོངས་མནའ་འབྲེལ་གྲོས་ཚོགས་ལ་ཞུགས་མི་སྲིད་ཟེར།

དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་གདན་ཞུ་བྱས་པའི་གནས་ཚུལ་བསྒྲགས་རྗེས། ཨ་མེ་རི་ཁ་དང་ཧྥ་རན་སི། དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གྲོས་ཚོགས་ལ་ཞུགས་པར་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དང་། བར་བརྒལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག