མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ་མི14རྐྱེན་ལམ་དུ་ཤོར་བ་དང་མི55ལ་རྨས་ཕོག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས20ཡི་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་དྲུག་བྱུང་སྟེ། ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་དང་། མི55ལ་རྨས་ཕོག་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་གསར་འགོད་པར་བཤད་རྒྱུར། པཱ་ཀ་ཏཱའི་ལྷོ་ཕྱོགས་ཀྱི་ཏུའུ་ལཱ་ས་ཁུལ་ནས་ཉིན་དེར་རླངས་འཁོར་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ་དང་། མི15ལ་རྨས་ཕོག ཤར་ལྷོའི་ཕྱོགས་ཀྱི་པཱ་ཀ་ཏཱའི་ས་ཁུལ་གསར་བ་ནས་བཟོ་བ་སྐོར་ཞིག་གི་ཉེ་འགྲམ་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི4རྐྱེན་ལམ་དུ་ཤོར་བ་དང་མི15ལ་རྨས་ཕོག པཱ་ཀ་ཏཱའི་བྱང་ངོས་ཀྱི་ལཱ་ཧྲི་ཏིས་ཡཱ་ས་ཁུལ་གྱི་མི་མང་བོ་འདུས་སའི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི3རྐྱེན་ལམ་དུ་ཤོར་བ་དང་། མི8ལ་རྨས་ཕོག་ཟེར།

དེ་ལས་གཞན་པཱ་ཀ་ཏཱའི་བྱང་ཕྱོགས་ཀྱི་ཧུའུ་ལི་ཡཱ་དང་ལྷོ་ཕྱོགས་ཀྱི་པེད་ཡཱ་ས་ཁུལ་ནས་སོ་སོར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་རེ་བྱུང་སྟེ། མི1རྐྱེན་ལམ་དུ་ཤོར་བ་དང་མི17ལ་རྨས་ཕོག

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་དག་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག