མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་མྱུར་དུ་འགྲོ་མིའི་ཐབ་ཐང་ལ་རྒོལ་བའི་དྲག་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས20ཡི་ཉིན་རི་ནེ་ཝ་ནས་གྲོས་ཆོད་བཀོད་དེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་མྱུར་དུ་འགྲོ་མིའི་ཐོབ་ཐང་ལ་རྒོལ་བའི་དྲག་སྤྱོད་སྣ་ཚོགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་རི་ནེ་ཝ་ཡི་ཝན་གོ་ཕོ་བྲང་ནས་དམིགས་བསལ་གྲོས་ཚོགས་ཐེངས་ཉི་ཤུ་བ་བསྡུས་ཏེ། ཉེ་ལམ་དྲག་ཆས་འཁྲུག་རྩོད་ཀྱི་རྒྱ་རུ་ཚུད་པའི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་ལ་གྲོས་བསྡུར་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་གྲོས་ཚོགས་ལ་བསྐུར་བའི་འཕྲིན་ཡིག་ནང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཉམས་ཉེན་གྱི་གནས་སུ་ལྷུང་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ལྟར་བྱེད་ཐབས་ནུས་ལྡན་སྤྱོད་དགོས་ཟེར། ཁོས་ད་རུང་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དྲག་ཤུགས་དང་འཁོན་ལན་སློག་པའི་བྱ་སྤྱོད་སྣ་ཚོགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་གིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་དེའི་དྲག་ཆས་འཁྲུག་རྩོད་བྱེད་མཁན་གྱི་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་གཅིག་གྱུར་གྱིས་རྒོལ་གཏམ་བཏང་སྟེ། གང་མགྱོགས་ཀྱིས་རྒྱལ་ཁབ་དེའི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་སླར་གསོ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག