མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གིས་རྒྱལ་ཁབ་རང་གི་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་མང་ཤོས་མཚམས་བཞག་པ་བདེན་དཔང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྙན་ཞུ་ལྟར་ན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དུས་རིམ་རང་བཞིན་གྱི་གྲོས་མཐུན་གྱི་རེ་བ་ལྟར་དུ། རྒྱལ་ཁབ་རང་གི་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་མང་ཤོས་མཚམས་བཞག་ཡོད་ཟེར། དབྱི་ལིང་གི་བྱ་སྤྱོད་དེ་ལས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཇེ་ལྷོད་དུ་གཏོང་བར་རྨང་བཏིང་ཡོད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྙན་ཞུ་ཞིག་ལས། དབྱི་ལིང་གིས་འདུས་ཚད་བརྒྱ་ཆའི་ཉི་ཤུ་ཡིན་པའི་ཉིང་རྡུལ་ཐོན་རྫས་ཇེ་ཉུང་དུ་གཏོང་བཞིན་ཡོད་པར་མ་ཟད། དབྱི་ལིང་གིས་ད་རུང་མུ་མཐུད་དུ་ཉིང་རྡུལ་ཐོན་རྫས་སྐོར་ཞིག་དབྱང་འགྱུར་དངོས་རྫས་སུ་བསྒྱུར་བཞིན་ཡོད་ཟེར།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྙན་ཞུའི་ནང་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་བར། དབྱི་ལིང་གིས་འདུས་ཚད་བརྒྱ་ཆའི་ལྔ་ཡིན་པའི་ཉིང་རྡུལ་ཐོན་རྫས་ཀྱི་ཞིབ་འཇུག་བྱ་འགུལ་མཚམས་བཞག་ཡོད་པ་བདེན་དཔང་ཐོབ་ཡོད། ན་ནིང་ཟླ་བཅུ་གཅིག་པར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་རི་ནེ་ཝ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་དུས་རིམ་དང་པོའི་བྱེད་ཐབས་ཐད་ནས་གྲོས་མཐུན་བཀོད་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་གྲུབ་འབྲས་ཆེན་པོ་བླངས་ཡོད།

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་ཁག་ཅིག་མཚམས་བཞག་པའི་ལན་དུ་རྒྱལ་ཁབ་དྲུག་གིས་དབྱི་ལིང་ལ་སྔར་ལས་མང་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་མི་བྱེད་པ་དང་། ད་ཡོད་ཀྱི་བཀག་སྡོམ་བྱེད་ཐབས་ནན་མོའི་རྨང་གཞིའི་སྟེང་བཀག་སྡོམ་བྱེད་ཐབས་ཁག་ཅིག་ཇེ་ལྷོད་དུ་གཏོང་རྒྱུར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག