མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ལྷོ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི19རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་ཚེས20ཡི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཨ་སི་ཝང་ཞིང་ཆེན་ནས་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཨ་སི་ཝང་ཞིང་ཆེན་གྱི་ཨ་སི་ཝང་ནས་དབྱི་ཏི་ཧྥུའུ་བར་གྱི་ཁཱ་ལཱ་མཱ་སྡེ་བའི་ཉེ་འདབས་ཀྱི་གཞུང་ལམ་སྟེང་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་ནས། བྱིས་པ་མང་བོ་དང་བཅས་པའི་མི19རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི1གི་རྨས་སྐྱོན་ཚབས་ཆེན་ཡིན་ཟེར།

གཞུང་ལམ་གྱི་སྒྲིག་ཆས་རྙིང་བ་དང་ཁ་ལོ་བའི་གོམས་གཤིས་མི་ལེགས་པའི་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས2012ལོར་སྤེལ་བའི་སྙན་ཞུ་ལྟར་ན། ཨེ་ཅིབ་ཏུ་ལོ་རེར་མི་ཁྲི1200འགྲིམ་འགྲུལ་དོན་རྐྱེན་ལས་ཚེ་སྲོག་ཤོར་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག