མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨ་མེ་རི་ཁས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་གྲོས་མོལ་ཐེངས་ལྔ་བ་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧོང་ལེ་ཡིས་ཚེས20ཡི་ཉིན་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་གྲོས་མོལ་ཐེངས་ལྔ་བ་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་སྤེལ་རྒྱུ་ཡིན་ཟེར།

ཉིན་དེར་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཧོང་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་པའོ་ཨིན་སི་ཡིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་པའོ་ཨིན་སི་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གྱི་ལས་རོགས་པ་ལཱ་སེར་དང་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཀྲིན་ཙེ་ཀོང་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་ཀྲུང་གོ་དང་ཨ་མེ་རི་ཁས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་གྲོས་མོལ་ཐེངས་ལྔ་བར་མཉམ་དུ་མགོ་འཛིན་བྱེད་རྒྱུ་ཐག་བཅད།

ཧོང་ལེ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གནས་བབ་དང་། རང་རང་གི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོར་འབྲེལ་བའི་སྲིད་ཇུས། དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག