མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་ཏེ་མི22རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-20 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་རླངས་འཁོར་རུ་ཁག་ཅིག་ལ་ཚེས19ཡི་ཉིན་ནུབ་བྱང་ཕྱོགས་ཀྱི་པིན་ནོའུ་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དམག་མི22རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི30ལ་རྨས་ཕོག ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་ཤིང་། དེའི་དམིགས་ཡུལ་ནི་སྔོན་ཆད་ཀྱི་མགོ་བ་ལཱ་ཧི་མན་ལ་ཤ་འཁོན་རྩོད་པའི་ཆེད་དུ་ཡིན་ཟེར།

རླངས་འཁོར་རུ་ཁག་དེ་ཧ་ལམ་དམག་བཀོལ་དང་དམངས་བཀོལ་གྱི་རླངས་འཁོར་བཞི་བཅུ་ཙམ་གྱིས་གྲུབ་པ་དང་། སྐབས་ཐོག་དེར་རླངས་འཁོར་རུ་ཁག་དེ་པིན་ནོའུ་གྲོང་ཁྱེར་གྱི་དམག་སྒར་ཞིག་ནས་ལམ་ལ་ཆས་ཏེ། ནུབ་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མའི་རིགས་རྒྱུད་ས་ཁུལ་དུ་འགྲོ་བཞིན་ཡོད།

དམག་ཕྱོགས་ཀྱི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། རླངས་འཁོར་རུ་ཁག་དེ་ནི་ཚེས19ཡི་ཉིན་གྱི་ཞོགས་པར་ཝ་ཅི་ལི་སི་ཐན་བྱང་མར་རེས་སྐོར་བྱེད་དུ་འགྲོ་བཞིན་ཡོད། རླངས་འཁོར་རུ་ཁག་དེའི་དམངས་བཀོལ་རླངས་འཁོར་ནི་ཕཱ་ཁི་སི་ཐན་ཚད་ལྡན་དམག་དཔུང་དམག་དོན་དྲག་ཆས་མཐའ་སྲུང་དམག་གིས་པིན་ནོའུ་ས་ཁུལ་ནས་མི་སྣ་སྐྱེལ་འདྲེན་བྱེད་པའི་ཆེད་དུ་གླས་པ་རེད།

ཉིན་དེའི་དུས་ཚོད་བརྒྱད་དང་སྐར་མ་ཞེ་ལྔའི་ཡས་མས་སུ། རླངས་འཁོར་རུ་ཁག་གི་རླངས་འཁོར་ཞིག་ལ་འགས་གཏོར་བྱུང་། འགས་གཏོར་དེའི་འབྱུང་རྐྱེན་མིག་སྔར་ད་རུང་གསལ་བོར་མི་ཤེས། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་ཁས་ལེན་བྱས། དྲག་ཆས་རྩ་འཛུགས་དེའི་མགྲིན་ཚབ་པ་ཧྲ་ཞེ་ཏི་ཡིས་བསྟན་དོན། དེ་ནི་ཐཱ་ལེ་པན་གྱི་ཝ་ཅི་ལི་སི་ཐན་ལྷོ་མ་ས་ཁུལ་གྱི་མགོ་ཁྲིད་པ་ལཱ་ཧི་མན་ལ་ཤ་འཁོན་རྩོད་པའི་ཆེད་དུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག