མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

གནམ་གྲུ་ཆུང་བ་ཞིག་ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ས་ཁུལ་ནས་སར་ལྷུང་སྟེ་མི4རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-20 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནམ་གྲུ་ཆུང་བ་ཞིག་ཚེས19ཡི་ཉིན་ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་མཱ་ལུའུ་ཀུའུ་ཞིང་ཆེན་ནས་སར་ལྷུང་སྟེ། མི4རྐྱེན་ལམ་དུ་ཤོར་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་བའི་གནམ་གྲུ་ཆུང་བ་དེ་ནི་པཱ་པུའུ་ཡཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁྲ་ཡཱ་ཕུའུ་ལཱ་ནས་སི་ཧྲོས་སུ་འཕུར་ནས་རྒྱུན་ལྡན་གྱི་ཞིབ་བཤེར་བྱེད་རྩིས་ཡོད་ཀྱང་། སྟབས་མ་ལེགས་པར་ལམ་བར་ནས་སར་ལྷུང་སྟེ། གནམ་གྲུའི་ཁ་ལོ་བ་དང་བཅས་པའི་མི་བཞི་རྐྱེན་ལམ་དུ་ཤོར་བ་རེད་ཟེར། ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ཅི་ཡིན་རྟོག་ཞིབ་བྱེད་དགོས་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་གླིང་ཚོམས་ས་ཁུལ་གྱི་འགྲིམ་འགྲུལ་སྟབས་མི་བདེ་བས། འགྲོ་འོང་བྱེད་པར་གཙོ་བོ་གྲུ་གཟིངས་དང་གནམ་གྲུ་ཆུང་བ་བཀོལ་བཞིན་ཡོད་ཅིང་། གནམ་གྲུ་ཆུང་བ་ཁག་ཅིག་ལ་བདེ་འཇགས་ཉེན་ཁ་ཡོད་པ་དང་ཁ་ལོ་བསྒྱུར་ཚད་ལུགས་འོས་འཚམ་མིན་པའི་དབང་གིས་དུས་རྒྱུན་དོན་རྐྱེན་འབྱུང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག