མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཙུང་ཐུང་གིས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་འཛུགས་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-20 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས19ཡི་ཉིན་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་བཙུགས་ཏེ། ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་པའི་གནས་ཚུལ་ལྟར་ན། པཱ་ཧྲ་ཨར་གྱིས་ཉིན་དེར་ཨུ་རུ་སིའི་གྲོས་མི་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ། སྤྱི་ཚོགས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་གྲུབ་པའི་འཐུས་ཚབ་ཚོགས་པ་ཞིག་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་ཞིག་བཙུགས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པ་དང་། ཞོར་དུ་ད་རུང་དབྱི་སི་ལན་མནའ་འབྲེལ་ཞིག་བཙུགས་ནས་ཐལ་སྤྱོད་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།

པཱ་ཧྲ་ཨར་གྱིས་ད་རུང་ཨུ་རུ་སིའི་སི་རི་ཡཱ་དང་ས་ཁུལ་གྱི་གནད་དོན་ཐད་བཟུང་བའི་ལངས་ཕྱོགས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོས་བཤད་རྒྱུར། ལངས་ཕྱོགས་དེས་རྒྱལ་སྤྱིའི་རྩ་དོན་དང་བཅའ་ཁྲིམས་གཞིར་བཟུང་ཡོད་པས། འཛམ་གླིང་མི་དམངས་དང་ཁྱད་པར་དུ་ཨུ་རུ་སི་དང་སི་རི་ཡཱའི་མི་དམངས་ལ་ཕན་ཐོགས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། སི་རི་ཡཱ་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། སི་རི་ཡཱའི་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་ནི་རང་སྟེང་གི་ཁེ་ཕན་སྲུང་བ་ཁོ་ནའི་ཆེད་དུ་མ་ཡིན་པར་ས་ཁུལ་རང་གི་ཁེ་ཕན་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བརྟན་འཇགས་ཀྱི་ཆེད་དུ་ཡིན་ཟེར།

ཉིན་དེའི་སྔ་དྲོར། སི་རི་ཡཱའི་ཙུང་ཐུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། པཱ་ཧྲ་ཨར་གྱིས་ཙུང་ཐུང་གི་དབང་ཤུགས་ཐད་ནས་གཏམ་བཤད་སྤེལ་བ་ཁས་ལེན་མ་བྱས། གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་སྤྱིའི་ཡིག་བརྒྱུད་འཕྲིན་གཏོང་ཁང་གིས་བསྒྲགས་པའི་པཱ་ཧྲ་ཨར་ལ་འབྲེལ་བའི་གནས་ཚུལ་དེ་བདེན་པ་མིན་ཞིང་། པཱ་ཧྲ་ཨར་གྱིས་གསར་འགྱུར་སྨྱན་བྱད་དེའི་བཅར་འདྲི་དང་ལེན་བྱས་མེད་ཟེར། དེའི་སྔོན་བསྒྲགས་པ་ལྟར་ན། པཱ་ཧྲ་ཨར་གྱིས་རྒྱལ་སྤྱིའི་ཡིག་བརྒྱུད་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབང་ཆ་སྤྲོད་འདོད་མེད་པ་དང་། དབང་ཆ་སྤྲོད་པའི་གནད་དོན་དེ་ནི་གྲོས་བསྡུར་གྱི་ཁྱབ་ཁོངས་སུ་འདུས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག