ཟླ1པོའི་ཚེས19ཡི་ཉིན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་ཀྱི་ཡུལ་དངོས་སུ་རྨས་མ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་རྒྱལ་ས་མན་ཀུའུ་གྲོང་ཁྱེར་གྱི་རྒྱལ་ཁའི་རྗེས་དྲན་རྡོ་རིང་གི་ཉེ་འདབས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་སྟེང་ཚེས19ཡི་ཉིན་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི28ལ་རྨས་ཕོག
ངོ་རྒོལ་ཕྱོགས་ཁག་གིས་གྲོང་ཁྱེར་ལ་ཡོངས་ཁྱབ་ཏུ་བཀག་སྡོམ་བྱས་པའི་ཚུན་ལ། མན་ཀུའུ་ནས་དྲག་ཤུགས་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད། རྔམ་སྟོན་རུ་ཁག་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པའི་སྡོད་གནས་ལ་འགས་གཏོར་འཇབ་རྒོལ་ཐེབས་པ་དང་རྔམ་སྟོན་ཁྲོམ་སྐོར་མཁན་ལ་མེ་མདའི་འཇབ་རྒོལ་ཐེབས་པ་སོགས་དོན་རྐྱེན་མང་དུ་བྱུང་།
ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ། རྒྱལ་ཁའི་རྗེས་དྲན་རྡོ་རིང་གི་ཉེ་འདབས་སུ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་སྤེལ་སའི་ཡུལ་དངོས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། སྐར་མ་གཉིས་ཙམ་གྱི་རྗེས་སུ་སྔོན་ཀྱི་འགས་གཏོར་དོན་རྐྱེན་བྱུང་ས་དང་བར་ཐག་སྤྱི་ལེ200ཙམ་གྱི་མཚམས་ནས་ཡང་བསྐྱར་འགས་གཏོར་དོན་རྐྱེན་བྱུང་།
མན་ཀུའུ་གྲོང་ཁྱེར་ཨེ་ལོས་ཝན་མྱུར་སྐྱོབ་ལྟེ་གནས་ཀྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་གཉིས་ལས་མི28ལ་རྨས་ཕོག་ཟེར། མན་ཀུའུ་སྦྲགས་སྲིད་ཚགས་པར་གྱིས་བཀོད་པ་ལྟར་ན། རྨས་མའི་ཁྲོད་ཚགས་པར་གྱི་གསར་འགོད་པ་ཞིག་ཡོད་ཟེར། །