མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་བཟོ་སྐྲུན་པ་གཉིས་ལི་པུ་ཡཱ་ནས་བཙན་ཁྲིད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 11:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཏི་ཨར་ནཱ་ཡི་ས་གནས་སྲིད་གཞུང་དཔོན་པོ་ཞིག་གིས་ཚེས18ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་ཐཱ་ལེའི་བཟོ་སྐྲུན་པ་གཉིས་ཏི་ཨར་ནཱ་དང་བར་ཐག་སྤྱི་ལེ་ཉེར་བདུན་ཡོད་པའི་མཱ་ཨར་ཐུའུ་པེད་གྲོང་རྡལ་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་བཙན་ཁྲིད་ཐེབས།

མིང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། དབྱི་ཐཱ་ལེའི་བཟོ་སྐྲུན་པ་དེ་གཉིས་ཀྱིས་དབྱི་ཐཱ་ལེའི་ཀུང་ཟི་ཞིག་ལ་བྱ་བ་བསྒྲུབ་བཞིན་ཡོད་པ་དང་། ཀུང་ཟི་དེས་ལི་པུ་ཡཱའི་འཕྲིན་གཏོང་དང་བརྡ་འཕྲིན་པུའུ་ཡི་ངག་བཅོལ་ལྟར་ཏི་ཨར་ནཱ་ནས་མཱ་ཨར་ཐུའུ་པེད་བར་གྱི་འཕྲིན་གཏོང་ལམ་ཐིག་ལ་ཞིག་གསོ་བྱེད་བཞིན་ཡོད། ཁོ་ཚོ་རླངས་འཁོར་ལ་བསྡད་དེ་དམིགས་སར་བགྲོད་པའི་ལམ་བར་ནས་བཙན་ཁྲིད་བྱས་པ་ཡིན་ལ། མིག་སྔར་གར་སོང་རྙེད་མེད་པ་དང་། རྩ་འཛུགས་གང་རུང་གིས་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁས་ལེན་བྱས་མེད།

མིག་སྔར། ས་དེའི་སྡོད་དམངས་ཀྱིས་ཏི་ཨར་ནཱ་ནས་མཐའ་མཚམས་ཀྱི་མཁར་གྲོང་ཐུའུ་པུའུ་ལུའུ་ཀི་རུ་བགྲོད་སའི་ལམ་བཀག་སྟེ་མི་གཏའ་གནས་གཞན་དུ་བསྐྱལ་བར་སྔོན་འགོག་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་སྲིད་གཞུང་གིས་གང་མགྱོགས་ཀྱིས་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན།

ཏི་ཨར་ནཱ་ནི་ལི་པུ་ཡཱའི་འཐབ་འཁྲུག་སྔོན་ལ་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་མང་བོར་སྦྱོར་བརྡར་བྱེད་ས་ཡིན་པ་དང་། འཐབ་འཁྲུག་གི་རྗེས་སུ་བདེ་འཇགས་གནས་བབ་བཟང་རྒྱུ་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག