མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་མངའ་ཁོངས་སུ་མེད་པའི་ངོ་རྒོལ་ཕྱོགས་ཁག་གཙོ་བོས་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་རྒྱུ་ཐག་བཅད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-19 11:51

叙利亚境外主要反对派决定参加第二次日内瓦会议1.jpg

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས18ཉིན། ཐུར་ཁེའི་དབྱི་སི་ཐན་པོར་ནས་སི་རི་ཡཱའི་རྒྱལ་ཡོངས་མནའ་འབྲེལ་གྱི་ཀྲུའུ་ཞི་ཅཱ་ཨར་པཱ་དང་ཀྲུའུ་ཞི་གཞོན་པ་ཅཱ་མུའུ་སི་གཉིས་རྒྱལ་ཡོངས་མནའ་འབྲེལ་གྱི་ཚོགས་ཆེན་ལ་ཞུགས་པ། སི་རི་ཡཱའི་མངའ་ཁོངས་སུ་མེད་པའི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་ཀྱི་རྒྱལ་ཡོངས་མནའ་འབྲེལ་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་དབྱི་སི་ཐན་པོར་ནས་ཁྱབ་སྒྲོག་བྱས་དོན། རྒྱལ་ཡོངས་མནའ་འབྲེལ་གྱིས་ཚོགས་ཆེན་ནས་འདེམ་ཤོག་འཕང་སྟེ་བརྡས་ཐག་བཅད་པ་བརྒྱུད། མི་འགྱངས་པར་ཟླ་འདིའི་ཚེས་ཉེར་གཉིས་ཉིན་བསྡུ་རྒྱུ་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་རྒྱུ་ཐག་བཅད། །

叙利亚境外主要反对派决定参加第二次日内瓦会议2.jpg

ཟླ1པོའི་ཚེས18ཉིན། ཐུར་ཁེའི་དབྱི་སི་ཐན་པོར་ནས་སི་རི་ཡཱའི་རྒྱལ་ཡོངས་མནའ་འབྲེལ་གྱི་ཀྲུའུ་ཞི་ཅཱ་ཨར་པཱ་དང་མནའ་འབྲེལ་གྱི་གསར་འགྱུར་མགྲིན་ཚབ་པ་སཱ་ཧྥེ་གཉིས་མཉམ་དུ་ཚོགས་རར་འགྲོ་བཞིན་པ།

叙利亚境外主要反对派决定参加第二次日内瓦会议3.jpg

ཟླ1པོའི་ཚེས18ཉིན། ཐུར་ཁེའི་དབྱི་སི་ཐན་པོར་ནས་སི་རི་ཡཱའི་རྒྱལ་ཡོངས་མནའ་འབྲེལ་གྱི་ཀྲུའུ་ཞི་ཅཱ་ཨར་པཱ་དང་ཀྲུའུ་ཞི་གཞོན་པ་ཅཱ་མུའུ་སི། ཀྲུའུ་ཞི་གཞོན་པ་ཐཱ་དབྱེ་ཧྥུའུ། དེ་མིན་མནའ་འབྲེལ་གྱི་ཁོངས་མི་གཞོན་པ་བཅས་རྒྱལ་ཡོངས་མནའ་འབྲེལ་གྱི་ཚོགས་ཆེན་ལ་ཞུགས་པ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག