མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཧན་གོར་རྩ་དོན་གྱི་གནད་དོན་རབ་དང་རིམ་པ་བཏོན་ནས་ཕན་ཚུན་གནོད་སྐྱེལ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-18 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་ཚེས16ཉིན་ཁྲའོ་ཞན་སྲིད་གཞུང་དང་སྲིད་ཏང་། ཚོགས་ཁག་བཅས་ཀྱི་ངག་བཅོལ་ལྟར་དུ། ཧན་གོར་རྩ་དོན་གྱི་གནད་དོན་རབ་དང་རིམ་པ་བཏོན། བྱེ་བྲག་གི་ནང་དོན་ནི་གཤམ་གསལ་ལྟར།

གཅིག་ནས་ལྷོ་བྱང་འབྲེལ་བ་ལེགས་བཅོས་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པའི་འབོད་སྐུལ་དང་དུ་བླངས་ཏེ་ཐོག་མར་དོན་དངོས་ཀྱི་བྱ་སྤྱོད་སྤེལ་དགོས། གཉིས་ནས་མི་རིགས་ཀྱི་བདེ་འཇགས་དང་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འབོད་སྐུལ་དང་དུ་བླངས་ཏེ། དོན་དངོས་ཀྱི་བྱེད་ཐབས་སྤྱད་ནས་ཕྱོགས་གཅིག་གིས་ཕྱོགས་གཞན་པར་དམག་དོན་དགྲར་འཛིན་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས། གསུམ་ནས་དངོས་ཡོད་དང་མཐུན་པའི་བྱེད་ཐབས་སྤྱད་དེ་གནས་དེའི་ཉིང་རྡུལ་ནུས་པའི་གནོད་འཚེ་སྔོན་འགོག་བྱེད་དགོས།

གལ་ཏེ་ཐེངས་འདིར་བཏོན་པའི་རྩ་དོན་དག་དངོས་འབེབས་དོན་འཁྱོལ་བྱུང་ན། ཁ་ཐོར་དུ་སོང་བའི་ཉེ་མིའི་ལྷན་འཛོམས་སོགས་ལྷོ་བྱང་འབྲེལ་བའི་ཁྲོད་ཀྱི་གནད་དོན་ཆེ་ཆུང་ཚང་མ་ཐག་གཅོད་བཟང་བོ་བྱེད་ཐུབ་པ་དང་། ཧན་གོའི་སྲིད་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་ང་ཚོའི་རྩ་དོན་རང་བཞིན་གྱི་གྲོས་གཞི་དེ་དག་དང་ལེན་བྱེད་པར་རེ་བས་ཁེངས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག