མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་གྲོས་ཚོགས་སྒྲིག་འཛུགས་ཅིབ་རུ་ས་ལམ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་20པ་སྐོང་འཚོགས་བྱས་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-18 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་ལན་གྲོས་ཚོགས་སྒྲིག་འཛུགས་ཅིབ་རུ་ས་ལམ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་20པ་སྤྱི་ཚེས་17ཉིན་མོ་ལོ་ཀོའི་ལྷོ་རྒྱུད་ཀྱི་གྲོང་ཁྱེར་མ་ལ་ཁ་ཧྲེར་འགོ་ཚུགས་ཡོད་པ་དང་། ཨུ་ཡོན་ལྷན་ཁང་དེའི་ཁོངས་གཏོགས་རྒྱལ་ཁབ་16ནས་ཡོང་བའི་ཕྱི་འབྲེལ་པུའུ་ཀྲང་ངམ་སྐུ་ཚབ་ཀྱིས་ཐེངས་འདིའི་དུས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཕ་ལི་སེ་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པ་སེས་གཏམ་བཤད་སྤེལ་སྐབས། ཅིབ་རུ་སྲ་ལམ་ནི་ཞི་བདེའི་ལྡེའུ་མིག་དང་། ཕ་ལི་སེ་ཐན་རྒྱལ་ཁབ་ཀྱི་སྲོག་རྩ་ལྟ་བུ་ཡིན། ཡིན་ནའང་དབྱི་སི་རལ་གྱིས་བརྩན་བཟུང་བྱེད་ཚད་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་ཡོད། ཅིབ་རུ་སྲ་ལམ་གྱི་གནད་དོན་དེ་ཨ་རབ་དང་། དབྱི་སི་ལན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་དང་འབྲེལ་བ་གོང་འཕེལ་གཏོང་བའི་རྨང་གཞིར་འགྱུར་དགོས་ཞེས་ནན་བཤདགནང་ཡོད་པ་དང་། མིག་སྔའི་ཞི་བའི་དབྱེ་འབྱེད་གྲོས་མོལ་ཐད། ཨ་པ་སེས། དབྱི་སི་རལ་གྱིས་ཞི་བའི་དབྱེ་འབྱེད་གྲོས་མོལ་ལ་ཁ་གཡར་ནས་མུ་མཐུད་བརྩན་བཟུང་བྱས་པའི་ཕ་ལི་སེ་ཐན་གྱི་ས་ཆའི་ཐོག་གཏན་སྡོད་ཁུལ་རྒྱས་སྐྲུན་བྱེད་པ་མཐོང་འདོད་བྱེད་ཀྱི་མེད་ཅེས་བསྐྱར་བཤད་གནང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག