མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ཐོག་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་སྔོན་ལ་གོང་འཕེལ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-18 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་ཡུན་ཉིན་གཅིག་རིང་གི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་སྤྱི་ཚེས་17ཉིན་འབར་མའི་ལོ་རྒྱུས་གནའ་བོའི་གྲོང་ཁྱེར་ཕུ་ཀན་དུ་འཚོགས་པ་དང་། གྲོས་ཚོགས་ཐོག་གཙོ་གནད་དུ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཐུན་མོང་མ་ལག་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་བ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གཞི་གཅིག་ལ་ཅན་ལ་འགྱུར་བ་བྱེད་རྒྱུ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཐུན་མོང་མ་ལག་གི་གལ་ཆེའི་འཆར་གཞི་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་ཚུད་པའི་སྤྱི་ལོ་2014ལོར་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་སྔོན་ལ་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ལས་དོན་ལ་གྲོས་བསྡུར་བྱས་ཡོད་པ་རེད།

ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ནང་། ཚོགས་ཞུགས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོས་སྐབས་23པའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འགོ་གཙོའི་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་སྤྱི་ལོ་2014ལོའི་རྗེས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཐུན་མོང་མ་ལག་གོང་འཕེལ་གཏོང་རྒྱུའི་མདུན་ལམ་དང་དེ་བཞིན་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཕྱི་ཕྱོགས་འབྲེལ་བ་གཏོད་རྒྱུ་དང་དེར་ཤུགས་སྣོན་རྒྱག་རྒྱུར་གྲོས་བསྡུར་བྱས་ཡོད་པ་རེད་ཅེས་བཀོད་ཡོད།

སྤྱི་བསྒྲགས་ནང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱིས་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་རྩ་དོན་དོན་ཚན་དྲུག་དང་དེ་བཞིན་ལྷོ་ཀྲུང་གོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་། མཚོ་ཐོག་བདེ་འཇགས། མཚོ་ཐོག་ཏུ་སྐྱོད་རྒྱུ་རང་དབང་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་གལ་ཆེའི་རང་བཞིན་བསྐྱར་བཤད་བྱས་པ་རེད་ཅེས་བཀོད་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག