མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོའི་ཕྱོགས་ནས་ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་ཕན་ཚུན་འཕྲིན་བརྡ་བཟང་པོ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-18 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལའེ་ཡིས་སྤྱི་ཚེས་17ཉིན་ཀྲུང་གོའི་ཕྱོགས་ནས་ཁོ་རེ་ཡའི་ཕྱེད་གླིང་ཕྲན་གྱི་ལྷོ་བྱང་རྒྱལ་ཁབ་གཉིས་པོས་ཕན་ཚུན་ འཕྲིན་བརྡ་བཟང་པོ་བཏང་ནས་ཕྱོགས་གཉིས་འབྲེལ་བ་ལེགས་བཅོས་བྱ་རྒྱུར་ངོ་བོའི་རང་བཞིན་ལྡན་པའི་བྱ་ཐབས་བཟུང་དགོས་པ་དང་། ས་ཁུལ་གྱི་དུས་བབ་འཕེལ་ཕྱོགས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་ཞེས་གསུངས་པ་རེད། ཧུང་ལའེ་ཡིས་ཉིན་དེ་གའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་འབྲེལ་ཡོད་བྱང་ཁོ་རེ་ཡས་ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་ཕན་ཚུན་སྐྱོན་འཛུགས་བྱེད་པ་དང་། ཕོག་ཐུག་གཏོང་བ། དམག་དོན་གྱི་དགྲ་འཛིན་བྱ་སྤྱོད་སྤེལ་བ་བཅས་ཁྱོན་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་གྲོས་འགོ་བཏོན་པའི་སྐོར་ལ་ལན་སྐྱོན་སྐབས་གོང་གསལ་གྱི་བཀའ་མོལ་དེ་གསུངས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག