མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་ལོ་ཝུན་ནེ་ཡཱའི་ཙུང་ཐུང་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་སི་ལོ་ཝུན་ནེ་ཡཱའི་ཙུང་ཐུང་ཕཱ་ཧའོ་ཨར་གྱིས་ཚེས15ཉིན་ཨན་ཁཱ་ལཱ་ནས་བསྟན་དོན། སི་ལོ་ཝུན་ནེ་ཡཱ་ཡིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཕཱ་ཧའོ་ཨར་གྱིས་ཐུར་ཁེའི་ཙུང་ཐུང་ཅུའུ་ཨར་དང་གྲོས་མོལ་བྱས་རྗེས་བསྡུས་པའི་ཐུར་ཁེའི་གཞུང་ཚབ་པའི་གྲོས་ཚོགས་སྟེང་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་དུས་ཡུན་རིང་བོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རེ་བ་བཅངས་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ཐུར་ཁེའི་དཔལ་འབྱོར་དང་མི་གྲངས། ཚད་གཞི་གཞན་པ་བཅས་ལ་གཞིགས་ན་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་ཆོག་ཆོག་ཡིན་ཟེར།

ཅུའུ་ཨར་གྱིས་ཕཱ་ཧའོ་ཨར་དང་མཉམ་དུ་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐོག་མར་ཕཱ་ཧའོ་ཨར་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཐུར་ཁེ་དང་སི་ལོ་ཝུན་ནེ་ཡཱའི་བར་ཉོ་ཚོང་གི་སྦས་ཤུགས་ཆེན་པོ་ཡོད་པ་དང་། སི་ལོ་ཝུན་ནེ་ཡཱ་ཡིས་སྒེར་དབང་ཅན་གྱི་འཕེལ་རིམ་གསར་བར་ཡར་སྐུལ་བྱས་ཏེ་ཐུར་ཁེའི་ཚོང་བས་མ་དངུལ་གཏོང་བར་ནང་འགུག་བྱེད་དགོས་ཟེར།

ཉིན་དེར། ཕཱ་ཧའོ་ཨར་གྱིས་ཨན་ཁཱ་ལཱ་ནས་ཐུར་ཁེའི་ཙུང་ལི་ཨེ་ཨར་ཏའོ་ཨན་ལ་ཐུག་འཕྲད་བྱས། ཚེས16ཉིན། ཐུར་ཁེ་དང་སི་ལོ་ཝུན་ནེ་ཡཱ་རྒྱལ་ཁབ་གཉིས་ཀྱིས་དབྱི་སི་ཐན་པོར་ནས་གྲོས་ཚོགས་བསྡུས་ཏེ་དངུལ་གཏོང་གོ་སྐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག