མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་ཅཱ་ཏི་ཡིས་འཛམ་གླིང་དཔལ་འབྱོར་དར་རྒྱས་སུ་འགྲོ་བཞིན་ཡོད་ཀྱང་ཉེན་ཁ་སྔར་བཞིན་གནས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 11:03

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཅཱ་ཏི་ཡིས་ཚེས15ཉིན་བཤད་རྒྱུར། ཚོད་དཔག་བྱས་ནས་ཉིས་སྟོང་བཅུ་བཞི་ལོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་སྔར་ལས་དར་རྒྱས་སུ་འགྲོ་སྲིད་ཀྱང་། རྒྱལ་ཁབ་སོ་སོའི་ཇུས་འདོན་མཁན་གྱིས་མུ་མཐུད་དུ་འཕར་སྣོན་དང་ལས་ཞུགས་དེ་སྲིད་ཇུས་ཀྱི་གཙོ་གནད་དུ་བྱེད་དགོས་ཟེར།

ལཱ་ཅཱ་ཏི་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཡོངས་ཀྱི་གསར་འགོད་པའི་མཐུན་ཚོགས་ནས་གཏམ་བཤད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་ཉམས་རྒུད་ཀྱི་དུས་རིམ་ལས་ཐར་ནས་མདུན་ལྗོངས་ལ་འོད་སྣང་གིས་ཁེངས་ཡོད་ཟེར། ཁོ་མོས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་བྱུང་བའི་སྣང་ཚུལ་དེ་གཙོ་བོ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལེགས་བཅོས་བྱུང་བའི་དབང་གིས་ཡིན་ཡང་། དར་རྒྱས་ཆེ་བའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་དངུལ་ལོར་ཚད་བརྒལ་གྱིས་འགྲེམ་པའི་ཆུ་ཚད་དེ་ཀྲུང་དབྱང་གི་དམིགས་འབེན་ལས་དམའ་བས་ཉེན་ཁ་སྔར་བཞིན་གནས་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་བལྟས་ན་དངུལ་ལོར་འགྲེམ་ཚད་ཇེ་ཉུང་དུ་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་ལ། དེས་དཔལ་འབྱོར་ཐད་གནོད་འཚེ་རང་བཞིན་གྱི་ཤུགས་རྐྱེན་ཐེབས་སྲིད་པར་འདོད།

ལཱ་ཅཱ་ཏི་ཡིས་བསྟན་དོན། འདས་པའི་ལོ་འགའི་རིང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་བཞི་ཆའི་གསུམ་གྱི་གྲུབ་འབྲས་ནི་གསར་དར་དཔལ་འབྱོར་ཚོགས་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བསྐྲུན་པ་ཡིན་ཡང་། དཔལ་འབྱོར་འཁོར་ཡུན་གྱི་དབང་གིས་གསར་དར་དཔལ་འབྱོར་ཚོགས་པའི་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད་ཟེར།

ལཱ་ཅཱ་ཏི་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་དར་རྒྱས་ཀྱི་ཕྱོགས་སུ་འཕེལ་བཞིན་ཡོད་ཀྱང་། འཕར་ཚད་སྔར་བཞིན་དལ་བ་དང་དོ་མི་མཉམ་པའི་སྣང་ཚུལ་ཡོད་པས། རྒྱལ་ཁབ་སོ་སོས་ངེས་པར་དུ་སྲིད་ཇུས་ཀྱི་གཙོ་གནད་དེ་རྒྱུན་མཐུད་འཕར་སྣོན་དང་ལས་ཞུགས་གསར་སྐྲུན་ཐད་འཇོག་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག