མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་འགས་གཏོར་དོན་རྐྱེན་ཐེངས་མང་བྱུང་སྟེ་མི་ཉིས་བརྒྱ་ལྷག་ལ་ཤི་རྨས་ཐེབས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས15ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་ཡང་བསྐྱར་དྲག་ཤུགས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་བདུན་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཞེ་བདུན་ལ་རྨས་ཕོག དེའི་ནང་འཇབ་རྒོལ་དོན་རྐྱེན་མང་ཤོས་རྒྱལ་ས་པཱ་ཀ་ཏཱ་ནས་བྱུང་བ་རེད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་དེ་དག་བཟོས་པ་ཁས་ལེན་བྱས་མེད།

དབྱི་རག་ནས་ཚེས་བཅུ་བཞིའི་ཉིན་དྲག་ཤུགས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ང་ལྔ་ལ་རྨས་ཕོག དེའི་ནང་འཇབ་རྒོལ་དོན་རྐྱེན་མང་ཤོས་ནི་པཱ་ཀ་ཏཱ་ནས་བྱུང་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག