མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་གུང་ཁྲན་ཏང་གིས་ཨན་ཕེ་ནས་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇལ་བྱེད་པ་ནི་འཛམ་གླིང་དང་དགྲ་བོར་ལངས་པ་ཡིན་ཞེས་བསྟན་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-16 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་15ཉིན་ལྗར་པན་གུང་ཁྲན་ཏང་གི་ཨུ་ཡོན་ཀྲང་ཀྲི་ཝེ་ཧེ་ཧྥུས། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གྱིས་འཛེམ་དཔག་མེད་པར་འཛམ་གླིང་དམག་ཆེན་གཉིས་པའི་ཀ་པ་རིམ་པའི་དམག་འཁྲུག་ཉེས་ཅན་པའི་མིང་བྱང་བཞག་ཡོད་པའི་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇལ་བྱེད་པ་དེར་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་སོགས་ཀྱི་སྐྱོན་བརྗོད་ཕོག་ཡོད་པ་མ་ཟད། ད་དུང་ལྗར་པན་འཛམ་གླིང་ཡོངས་ཀྱི་དགྲ་བོར་གྱུར་ཡོད་ཅེས་གསུངས་འདུག

ཀྲེ་ཝེ་ཧེ་ཧྥུས་ཉིན་དེ་གར་སྐོང་འཚོགས་བྱེད་པའི་ལྗར་པན་གུང་ཁྲན་ཏང་གི་ཏང་གི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ནས། ཨན་ཕེ་ཡི་སྲིད་དབང་དེ་རླངས་འཁོར་ཞིག་ལ་བཀག་བྱེད་མེད་པ་དང་སྣུམ་སྒོ་མནན་ཏེ་ཕྱོགས་གཡས་སུ་བསྐྱོད་མཁན་གྱི་རླངས་འཁོར་སྙོམ་པ་ཞིག་དང་འདྲ་པོ་ཡོད། ལྗར་པན་གུང་ཁྲན་ཏང་དང་རང་དབང་དམངས་གཙོ་ཏང་བར་འཐབ་རྩོད་བྱེད་པའི་དུས་རབས་འགོ་ཚུགས་ཡོད་པས། རང་སྲུང་དམག་གིས་མཉམ་སྡེབ་ཀྱི་རང་སྲུང་དབང་ཆ་སྤྱོད་ཆོག་མིན་སོགས་ཀྱི་གནད་དོན་ཐད་ཨན་ཕེ་སྲིད་དབང་དང་འཐབ་རྩོད་བྱེད་རྒྱུ་ཡིན་ཞེས་བསྟན་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག