མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་མངའ་ཁོངས་ཀྱི་ངོ་རྒོལ་ཤོག་ཁག་གཙོ་བོ་རི་ནེ་ཝའི་གྲོས་ཚོགས་ལ་ཞུགས་གི་མིན་ཞེས་བཤད་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-16 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་15ཉིན་སི་རི་ཡའི་མངའ་ཁོངས་ཀྱི་ངོ་རྒོལ་ཤོག་ཁག་གཙོ་བོ་ཏེ་སི་རི་ཡའི་རྒྱལ་ཡོངས་དམངས་གཙོ་བསྒྱུར་བཅོས་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་ཞེས་པས། ལས་ཁུངས་དེས་བཏོན་པའི་བླང་བྱར་བརྩིས་མཐོང་བྱས་མེད་པར་བརྟེན། སི་རི་ཡའི་གནད་དོན་སྐོར་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་རྒྱུ་མིན་ཞེས་བསྟན་ཡོད།

སི་རི་ཡའི་ངོ་རྒོལ་ཤོག་ཁག་སྔ་ཕྱི་བར་གསུམ་དུ་ཁ་ཐོར་གྱི་གནས་སུ་ལྷུང་ཡོད་པ་དང་། ཤོག་ཁག་ཁག་གིས་རི་ནེ་ཝའི་གྲོས་ཚོགས་ལ་འཛིན་པའི་རྣམ་འགྱུར་གཅིག་མཚུངས་མ་ཡིན། རྒྱལ་ཡོངས་མནའ་འབྲེལ་གྱིས་རི་ནེ་ཝའི་གྲོས་ཚོགས་ནང་ཞུགས་རྒྱུའི་ཆ་རྐྱེན་ཡོད། ཡིན་ནའང་མངའ་ཁོངས་ནང་གི་ངོ་རྒོལ་ཤོག་ཁག་གིས་གྲོས་ཚོགས་དེ་བཀག་འགོག་བྱེད་དགོས་ཞེས་བཤད་མྱོང་ཡོད་པ་རེད།

སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་སྐུ་ཚབ་ཚོགས་པས་གྲོས་ཚོགས་ལ་ཞུགས་རྒྱུར་འགྱུར་བ་གཏོང་བ་ཕུད། ཨུ་རུ་སུ་དང་ཨ་རིའི་བར་དབྱི་རན་གྲོས་ཚོགས་ནང་ཞུགས་རྒྱུར་གདན་ཞུ་བྱེད་མིན་ཐད་བསམ་འཆར་གཅིག་མཐུན་བྱུང་མེད་པ་རེད། མིག་སྔའི་བར་སླེབས་དུས། དབྱི་རན་ལ་གྲོས་ཚོགས་ཀྱི་གདན་ཞུ་འབྱོར་མེད། འོན་ཀྱང་ཨུ་རུ་སུས་སྔར་བཞིན་དབྱི་རན་གྲོས་ཚོགས་ནང་ཞུགས་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།

སི་རི་ཡའི་གནད་དོན་སྐོར་གྱི་རེ་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་ཟླ་བ་འདིའི་ཚེས་22ཉིན་སུས་ཙེར་འཚོག་རྒྱུ་རེད་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག