མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་ལན་གནས་སྐབས་སྲིད་གཞུང་གིས་ཙུང་ལི་དབྱིན་ལ་ཡིས་འདེམས་བསྐོ་ཆེན་མོ་དུས་བཀག་ལྟར་བྱེད་རྒྱུ་ཡིན་ཞེས་མཐའ་འཁྱོངས་བྱས་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-16 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་15ཉིན་ཐེ་ལན་གནས་སྐབས་སྲིད་གཞུང་གི་ཙུང་ལི་དབྱིན་ལ་ནས། འདེམས་བསྐོ་ཆེན་མོ་ཟླ་2པའི་ཚེས་2ཉིན་དུས་བཀག་ལྟར་བྱེད་རྒྱུ་ཡིན་པ་དང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་ལ་འདེམས་བསྐོ་ཆེན་མོ་ནར་འགྱངས་བྱེད་རྒྱུའི་ཁྱབ་བསྒྲགས་བྱེད་པའི་དབང་ཆ་མེད་ཅེས་གསུངས་པ་རེད།

ཐེ་ལན་གནས་སྐབས་སྲིད་གཞུང་གིས་ཉིན་དེ་གར་ཞིབ་བསྡུར་ཚོགས་འདུ་འཚོགས་ནས། ཕྱོགས་ཁག་དང་འདེམས་བསྐོ་ཆེན་མོ་ནར་འགྱངས་བྱེད་མིན་ཐད་གྲོས་མོལ་བྱས་ཡོད། དབྱིན་ལ་ནས་གྲོས་ཚོགས་ཐོག འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ནང་ཞུགས་ཐུབ་མེད་པར་བློ་གྱོད་གནང་བ་དང་། ཁོང་གིས་ཐེངས་འདིའི་གྲོས་ཚོགས་ནི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་འདེམས་བསྐོ་ཆེན་མོ་ནར་འགྱངས་བྱེད་པའི་གྲོས་འགོར་གྲོས་བསྡུར་བྱེད་རྒྱུ་ཡིན་པས། ཨུ་ཡོན་རྣམས་ལས་རིགས་ཁག་གི་གྲོས་འགོ་གསན་པར་ཕེབས་དགོས་ཀྱི་ཡོད་ཅེས་བསྟན་ཡོད། གནད་དོན་དེར་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ལན་ཆ་བྱས་ནས། དུས་ཡུན་ཆུ་ཚོད་གཉིས་གསུམ་གྱི་ཕྱོགས་མང་གྲོས་ཚོགས་ཐོག་གྲོས་མོལ་གྱི་མཇུག་འབྲས་ཐོབ་མི་སྲིད་པས། དེར་བརྟེན་སྤྱི་ཚེས་14ཉིན་དབྱིན་ལ་ལ་གདན་ཞུ་དངོས་སུ་བྱས་ནས། འདེམས་བསྐོ་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་ཞུགས་པའི་ཕྱོགས་གཉིས་གྲོས་ཚོགས་འཚོགས་ནས། འདེམས་བསྐོ་ཆེན་མོ་ནར་འགྱངས་བྱེད་པའི་གནད་དོན་ཐད་གྲོས་ཞིབ་གཏིང་ཟབ་བྱེད་རྒྱུ་ཡིན། ཡིན་ནའང་དབྱིན་ལ་ཕྱོགས་ནས་ད་ཐེངས་ཀྱི་གདན་ཞུར་ལན་ཆ་ཁ་གསལ་བྱས་མེད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག