མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཟབ་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་བརྒྱ་ཕྲག་ལྷག་བསད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-15 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་རྟོག་རྩ་འཛུགས་ཀྱིས་ཚེས12ཉིན་བཤད་པ་ལྟར་ན། རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཟབ་པའི་དབྱི་རག་དང་སི་རི་ཡཱའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱིས་ཐལ་སྤྱོད་རྩ་འཛུགས་གཞན་པའི་དྲག་ཆས་ཉེས་ཅན་བརྒྱ་ལྷག་བསད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་གྱིས་ཐལ་སྤྱོད་རྩ་འཛུགས་རྒྱལ་ཁའི་གཡུལ་ས་དང་རང་དབང་གི་ཧྲ་མུའུ་དབྱེ་སི་ལན་འགུལ་སྐྱོད་ཀྱི་དྲག་ཆས་ཉེས་ཅན་བརྒྱ་ཙམ་འཛིན་བཟུང་བྱས་པ་དང་། ལཱ་ཅཱ་ས་ཁུལ་གྱི་སྡོད་དམངས་སྡོད་ཁུལ་འགའ་བདག་ཏུ་བཟུང་རྗེས་འཛིན་བཟུང་བྱས་པའི་མི་དེ་དག་བསད་པ་རེད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་མིས་ན་ནིང་ལོ་མཇུག་ལ་ཨ་ལེ་ཅིན་ཤར་ཕྱོགས་ས་ཁུལ་ནས་སི་རི་ཡཱའི་རང་དབང་དམག་དཔུང་གི་ཁོངས་མི་བརྒྱ་འཛིན་བཟུང་བྱས་ཏེ། དེའི་ནང་གི་མི་བཞི་བཅུའི་མགོ་བཅད་པ་རེད།

སི་རི་ཡཱའི་མེས་རྒྱལ་ཚགས་པར་གྱིས་བལྟས་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པར་འདོད་ཀྱང་། ཨུ་རུ་སིའི་གྲོས་ཁང་ཞོལ་མའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕུའུ་ཧྲི་ཁི་ཧྥུའུ་ཡིས་བལྟས་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ཁ་བྲལ་དུ་སོང་བ་ལས་ཁོ་ཚོ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལས་རྒྱལ་བའི་གོ་སྐབས་ཡོད་ཚད་ཤོར་ཡོད་པར་འདོད། གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཧའོ་མུའུ་སི་ཡི་སྲིད་གཞུང་ལ་བློ་ཉེ་བའི་སྡོད་ཁུལ་གྱིས་ཚེས་བཅུ་གསུམ་ཉིན་མེ་སྒྱོགས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག