མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་དབུ་ཞུགས་བློན་ཆེན་ཁ་མིན་ལུན་གྱིས་དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འཕར་སྣོན་དང་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-15 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་14ཉིན་དབྱིན་ཇིའི་དབུ་ཞུགས་བློན་ཆེན་ཁ་མིན་ལུན་གྱིས་ལུན་ཏུན་དུ་སྐོང་འཚོགས་བྱས་པའི་སྤྱི་ལོ་2014ལོའི་ཀྲུང་གོའི་ཚོང་ལས་ཚོགས་ཆེན་ལ་ཕྱག་ཡིག་བསྐུར་ནས། དབྱིན་ཇི་ཀྲུང་གོའི་ཡུན་རིང་དཔལ་འབྱོར་རོགས་པར་འགྱུར་བ་བྱེད་དགོས་ན། ཀྲུང་གོའི་རྒྱ་ཆེའི་ཁྲོམ་ར་བེད་སྤྱད་དེ་དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འཕར་སྣོན་དང་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་འདུག

ཁ་མིན་ལུན་གྱིས་ཀྲུང་གོ་གོང་འཕེལ་ཕྱིན་པ་དེ་ནི་འཇིགས་སྐུལ་མིན་པར་གོ་སྐབས་ཡིན། དབྱིན་ཇིར་དེའི་ཁྲོད་ནས་ཁེ་ཕན་ཐོབ་མྱོང་ཡོད་ཅེས་དང་། ཁོང་གིས་ཀྲུང་གོ་ནི་ཡིད་འགུགས་ནུས་ཤུགས་ཆེ་བའི་ཁྲོམ་ར་ཞིག་རེད། དབྱིན་ཇི་དང་ཀྲུང་གོས་ཐུན་མོང་མཉམ་ལས་དང་། འཕར་སྣོན་དང་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་ཐུབ། དེ་ནི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཡོང་བ་བྱེད་པར་ཕན་ཐོགས་ཡོད་ལ། དབྱིན་ཇི་དར་རྒྱས་ཡོང་བ་བྱེད་པར་ཡང་ཕན་ཐོགས་ཡོད། ཀྲུང་གོས་མ་འཇོག་བྱེད་པར་དབྱིན་ཇིས་སྒོ་མོ་ཕྱེ་བའི་རྣམ་འགྱུར་བཟུང་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་དབྱིན་ཇིའི་ནུས་རྒྱུ་གསར་སྤེལ་དང་། ལུན་ཏུན་དུ་ནུབ་ཕྱོགས་རྒྱལ་ཁབ་ཁུལ་ལ་མི་དམངས་ཤོག་སྒོར་ཉོ་ཚོང་སྤེལ་རེས་ལྟེ་གནས་འཛུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག