མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལེ་པེན་གྱི་སློབ་ཆེན་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ཉེར་དྲུག་ལ་རྨས་ཕོག་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-15 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་ཉེན་རྟོག་ཕྱོགས་ཀྱིས་ཚེས13ཉིན་ཁྱབ་སྒྲོག་བྱས་དོན། ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་མེན་ལན་ལའོ་ས་ཁུལ་གྱི་པེ་ཀི་ཏཱ་པཱ་ཐོ་ཞིང་ཆེན་གྱི་རྒྱལ་བཙུགས་སློབ་ཆེན་ཞིག་ལ་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་ཉེར་དྲུག་ལ་རྨས་ཕོག་ཟེར།

པེ་ཀི་ཏཱ་པཱ་ཐོ་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཕའེ་ལཱ་ཨར་ཐཱ་ཡིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་པཱ་ཀི་ཏཱ་པཱ་ཐོ་ཞིང་ཆེན་གྱི་ཨ་ལཱ་ཆན་གྲོང་རྡལ་གྱི་ཀི་ཏཱ་པཱ་ཐོ་ཚན་རྩལ་ཐེབས་རྩའི་སློབ་གླིང་ནས་བྱུང་བ་རེད།

འགས་གཏོར་དོན་རྐྱེན་དེ་ནི་སྟབས་བདེའི་འགད་རྫས་ལས་བྱུང་བ་ཡིན་ཞིང་། སྐབས་དེར་མེ་གསོད་རུ་ཁག་གིས་སློབ་རའི་ནང་མེ་གསོད་ཀྱི་བྱ་བ་སྤེལ་བཞིན་ཡོད་པས། འགས་གཏོར་དོན་རྐྱེན་དེ་ལས་མེ་གསོད་མི་སྣ་དང་སློབ་གྲྭའི་དགེ་སློབ་འདུས་པའི་མི་ཉེར་དྲུག་ལ་རྨས་ཕོག རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་དང་། རྨས་མ་མང་ཤས་ཀྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད།ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ནི་སྔ་མོ་ནས་སློབ་གྲྭའི་ནང་གི་བདེ་འཇགས་མི་སྣའི་སྡོད་ཁང་ཞིག་མེར་བཏང་སྟེ། མེ་གསོད་མི་སྣ་དང་དགེ་སློབ་དག་གནས་དེར་འདུས་རྗེས་འགས་གཏོར་བཏང་བ་རེད་ཟེར།

ཕའེ་ལཱ་ཨར་ཐཱ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོ་མཁན་དང་དེའི་འཇབ་རྒོལ་གྱི་དམིགས་ཡུལ་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག