མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་འཇར་པན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སེན་གྱིས་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇུལ་ཞུས་པར་ངོ་རྒོལ་བྱས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-15 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས14ཉིན་འཇར་པན་གྱི་གསར་འགོད་པའི་གྲོས་ཚོགས་དང་གསར་འགྱུར་ལས་རིགས་གྲོས་ཚོགས་ཀྱིས་ཐོ་ཁེའུ་རུ་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་སྐོང་འཚོགས་བྱས་ནས། འཇར་པན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སེན་གྱིས་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇུལ་ཞུས་པར་ངོ་རྒོལ་བྱས་ཡོད་པ་དང་། རྒྱལ་དམངས་ལས་འགུལ་སྤེལ་ནས་དམིགས་བསལ་གཏན་འཁེལ་གྱི་གསང་བའི་འགན་སྲུང་བཅའ་ཁྲིམས་མེད་པ་བཟོ་དགོས་པ་དང་ཨན་པེ་ཅིན་སེན་གྱི་ནང་བློན་ཁང་མགོ་རྟིང་སློག་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

དགུང་ལོ་99སོན་པའི་ཉི་གཞོན་གསར་འགྱུར་ཁང་གི་དེ་སྔའི་གསར་འགོད་པ་ཝུ་ཡེ་ཝུ་ཀྲེས་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཨན་པེ་ཅིན་སེན་གྱིས་བཤད་པ་དེ་ནི་དམག་འཁྲུག་གི་གོང་མའི་ལམ་ལུགས་དང་གཅིག་མཚུངས་རེད། ང་ཚོས་ཨན་པེ་ཅིན་སེན་རང་སྣང་གང་ཤར་རྩ་བ་ནས་བྱེད་དུ་འཇུག་མི་རུང་། འཇར་པན་མང་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་ཨན་པེ་ཅིན་སེན་སྲིད་དབང་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས་ཞེས་གསུངས་འདུག ཐུན་མོང་གསར་འགྱུར་ཁང་གི་དེ་སྔའི་རྩོམ་སྒྲིག་ཅུད་ཀྲང་ཡོན་ཧྲའུ་ཞུང་གིས་ཆེན་ཨན་པེ་ཅིན་སེན་གྱིས་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇལ་ཞུས་པའི་བྱེད་སྟངས་དེ་ནི་གནས་ལུགས་གང་ཡང་མེད་པ་ཞིག་ཡིན་པས། ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག