མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྲ་ལུང་གི་དུར་འཇུག་མཛད་སྒོ་སྤེལ་རྒྱུ་ཡིན་ཞིང་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་དང་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་སོགས་མྱ་ངན་ཚོགས་འདུར་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 10:50

沙龙葬礼今举行 美副总统及英前首相将出席追悼会.jpg

ཚེས12ཉིན། ཡེ་ལུའུ་སཱ་ལེམ་དུ་ཡོད་པའི་དབྱི་སི་རལ་གྱི་གྲོས་ཁང་ནས། དབྱི་སི་རལ་གྱི་ཙུང་ཐུང་ཕའེ་ལོས་སི་ཡིས་སྔོན་ཆད་ཀྱི་ཙུང་ལི་ཧྲ་ལུང་པུར་སྒམ་གྱི་མདུན་དུ་མེ་ཏོག་གི་ཕྲེང་བ་འབུལ་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས11ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སྔོན་ཆད་ཀྱི་ཙུང་ལི་ཧྲ་ལུང་གི་དུར་འཇུག་མཛད་སྒོ་དེ་ཚེས13ཉིན་སྤེལ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་དང་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལེ་ཨར་སོགས་རྒྱལ་སྤྱིའི་ཆབ་སྲིད་མགོ་ཁྲིད་པས་མྱ་ངན་ཚོགས་འདུར་ཞུགས་རྒྱུ་རེད་ཟེར།

    དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱི་འཆར་གཞི་ལྟར་ན། ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། གྲོས་ཁང་ཐོག་ཁང་ཆེན་མོ་ནས་ཧྲ་ལུང་ལ་མྱ་ངན་ཞུ་བའི་ཚོགས་འདུ་སྤེལ་རྒྱུ་རེད།

    ཚོད་དཔག་བྱས་ན་སྐབས་དེར་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་དང་། དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལེ་ཨར། ཅེ་ཁིའི་བར་བརྒལ་སྲིད་གཞུང་གི་ཙུང་ལི་ལུའུ་སི་ནོའུ་ཁི། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་སོགས་ཆབ་སྲིད་མགོ་ཁྲིད་པ་མྱ་ངན་ཚོགས་འདུར་ཞུགས་རྒྱུ་རེད།

    ཧྲ་ལུང་གི་པུར་སྒམ་དེ་ཚེས13ཉིན་དམག་ཕྱོགས་ཀྱིས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ནེ་ཀའེ་ཧྥུའུ་བྱེ་ཐང་གི་ཞིང་རར་བསྐྱལ་རྒྱུ་ཡིན་པ་དང་། དམག་ཕྱོགས་ཀྱི་དུར་འཇུག་མཛད་སྒོ་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་སྟེང་སྤེལ་རྒྱུ་རེད།

    ཚེས12ཉིན་དབྱི་སི་རལ་གྱི་མང་ཚོགས་ཁྲི་སྟོང་མང་བོ་ཡེ་ལུའུ་སཱ་ལེམ་གྱི་གྲོས་ཁང་ཐོག་ཁང་ཆེན་མོའི་མདུན་དུ་ཡོང་ནས་གྲལ་རིང་བསྒྲིགས་ཏེ་ཧྲ་ལུང་ལ་མྱ་ངན་ཞུས། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག