མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་འཇར་པན་གྱི་ཞི་བདེ་རྒྱ་མཚོ་བསྐོར་བའི་དཔལ་འབྱོར་མཉམ་ལས་གྲོས་ཆོད་ལ་ཞུགས་པའི་རེ་འདོད་དང་ལེན་མ་བྱས་པ་ནི་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་འབྲེལ་བ་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གིས་ཟླ1པོའི་ཚེས11ཉིན་བསྟན་དོན། ཨ་མེ་རི་ཁའི་ཚོང་འགྲིམ་འཐུས་མིའི་པུའུ་ཡི་འཐུས་མི་ཧྥོ་ལོ་མཱ་ཡིས་འཇར་པན་གྱི་ཞི་བདེ་རྒྱ་མཚོ་བསྐོར་བའི་དཔལ་འབྱོར་མཉམ་ལས་གྲོས་ཆོད་ཀྱི་འགན་ལེན་བློན་ཆེན་ཀན་ལེ་མེན་གྱིས་ཁོ་དང་གྲོས་མོལ་བྱེད་པའི་རེ་བ་དང་ལེན་མ་བྱས། འཇར་པན་སྲིད་གཞུང་གིས་ཨ་མེ་རི་ཁས་རེ་བ་དེ་དང་ལེན་མ་བྱས་པའི་རྒྱུ་རྐྱེན་ཅི་ཡིན་གསལ་བོར་མ་བཤད་པ་དང་ཁ་པར་གྲོས་མོལ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་པའི་ཚུལ་བསྟན།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཀན་ལེ་མེན་གྱིས་ཟླ་འདིའི་ཚེས22ཉིན་སུའེ་ཙེར་ནས་བསྡུས་པའི་ཏཱ་བོ་སི་གླེང་སྟེགས་སྐབས་སུ་གླེང་སྟེགས་དེར་ཞུགས་པའི་ཨ་མེ་རི་ཁའི་ཚོང་འགྲིམ་འཐུས་མིའི་པུའུ་ཡི་འཐུས་མི་ཧྥོ་ལོ་མཱ་དང་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་རེ་བ་དེ་དང་ལེན་མ་བྱས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག