མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་ཚེས12ཉིན་འཇར་མན་ནུབ་ཕྱོགས་ཀྱི་ལེ་ཡུན་ལན་དང་ཕུའུ་ཧྥ་ཨར་ཚི་ཀྲིག་ཐི་ལི་ཨར་གྲོང་ཁྱེར་ཉེ་འདབས་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཞི་རྐྱེན་ལམ་དུ་ཤོར།

ས་དེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། གནམ་གྲུ་དེ་དབྱིན་ཇི་ནས་འཕུར་བ་དང་ཉིན་དེའི་ཉིན་གུང་ཐི་ལི་ཨར་གྲོང་ཁྱེར་ཉེ་འདབས་ནས་སར་ལྷུང་། ཤི་བོའི་ཁྲོད་གནམ་གྲུའི་ཁ་ལོ་བ་གཉིས་ཡོད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་གནམ་གྲུའི་སྟེང་གི་འགྲུལ་བའི་ཁ་གྲངས་དང་ཐོབ་ཐང་གསལ་བོར་ཤེས་མེད་ལ། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་རྗེས་མྱུར་དུ་རྒུད་སྐྱོབ་རུ་ཁག་མངག་གཏོང་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ་བ་རེད།

ལེ་ཡུན་ཚགས་པར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་སར་ལྷུང་སྐབས་ས་དེར་སྨུག་པས་གཡོགས་ཡོད་པ་དང་། གནམ་གྲུ་དེ་ཐི་ལི་ཨར་གྱི་ཧྥོ་ལོན་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ་བཞི་ཡོད་པའི་ས་ནས་གློག་སྡོང་ལ་ཐོ་བརྒྱབ་པ་དང་། གནམ་གྲུའི་ཆག་རོ་ཕྱེད་ཙམ་གློག་སྡོང་སྟེང་ཡོད་པ་དང་ཆག་རོ་ཕྱེད་ཙམ་ཉེ་འདབས་ཀྱི་གད་སྙིགས་ར་བ་ཞིག་ལ་ལྷུང་ནས་མེར་འབར་བ་རེད། གནམ་གྲུ་དེ་སར་མ་ལྷུང་གོང་ཚོད་འཛིན་ལྟེ་གནས་བར་འབྲེལ་ཐག་ཆད་པ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག