མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ཙུང་ལིའི་བློ་འདོན་པའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལིའི་བློ་འདོན་པའི་རླངས་འཁོར་རུ་ཁག་ལ་ཚེས12ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཤམ་བྷ་ལ་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་བདེ་སྲུང་མི་སྣ་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག་ཟེར།

ཕཱ་ཁི་སི་ཐན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ཞེ་ལྔའི་ཡས་མས་སུ། ཕཱ་ཁི་སི་ཐན་གྱི་ཙུང་ལིའི་བློ་འདོན་པ་མུའུ་ཁཱ་མུའུ་ཡི་རླངས་འཁོར་རུ་ཁག་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཤམ་བྷ་ལ་ས་ཁུལ་བརྒྱུད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་པ་རེད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བདེན་དཔང་བྱས་དོན། མུའུ་ཁཱ་མུའུ་ལ་རྨས་སྐྱོན་ཅི་ཡང་བྱུང་མེད་པ་དང་། འགད་རྫས་ཀྱིས་རླངས་འཁོར་རུ་ཁག་གི་རླངས་འཁོར་གསུམ་ལ་གཏོར་བརླག་ཐེབས་ཏེ། བདེ་སྲུང་མི་སྣ་དྲུག་རྐྱེན་ལམ་དུ་ཤོར་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག