མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་བའི་གནོད་པ་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་མེན་ལན་ལའོ་གླིང་ཕྲན་སྟེང་གི་ཞིང་ཆེན་འགར་བསྟུད་མར་ཉིན་འགའི་རིང་ཆར་བ་དྲག་པོ་བབས་པ་དང་། ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་བསྒྲགས་པའི་གནས་ཚུལ་ལྟར་ན། ཆར་བ་ཆེན་པོ་དེ་ལས་ཆུ་ལོག་དང་རི་ཉིལ་བའི་གནོད་པ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས12ནས་བཟུང་ཆར་བ་ཆེན་པོ་བབས་པའི་དབང་གིས་མེན་ལན་ལའོ་གླིང་ཕྲན་གྱི་ས་ཁུལ་རེ་འགའི་གཙང་བོ་རྒྱས་པ་དང་། ཏཱ་བོ་ས་ཁུལ་ཁོ་ན་ནས་ཁྱིམ་ཚང་བརྒྱ་ཕྲག་འགའ་རང་ཁྱིམ་དང་མི་འབྲལ་ཐབས་མེད་བྱུང་། ཁང་པའོ་སི་ཐི་ལཱ་ཀུའུ་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་ཁཱ་སི་ཁི་ལན་གྱིས་བཤད་རྒྱུར། ཞིང་ཆེན་དེར་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་གར་སོང་རྙེད་མེད་ལ། ཉུང་མཐར་ཡང་མི་བརྒྱད་ལ་རྨས་ཕོག་ཡོད། ས་ཁུལ་རེ་འགའ་ནས་ཆུ་ལོག་གིས་ཁང་བ་མང་བོ་བསྣུབས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱིས་ཁྱིམ་ཚང་བདུན་བརྒྱ་ལྷག་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་ཡིན་ཟེར། ཏཱ་བོ་ཤར་མ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཏཱ་བོ་ཤར་མ་ཞིང་ཆེན་ནས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་ལ་རྨས་ཕོག ཁྱིམ་ཚང་སྟོང་བརྒྱད་དང་ལྔ་བརྒྱར་གནོད་པ་ཐེབས་ཡོད་ཟེར། ཏཱ་བོ་བྱང་མ་ཞིང་ཆེན་ནས་ཀྱང་ཁྱིམ་ཚང་ཉིས་བརྒྱ་དང་ང་དྲུག་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།

ཧྥེ་ལེ་པེན་གནོད་སེལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས12ཉིན་གྱི་དགོང་མོའི་དུས་ཚོད་དྲུག་སྟེང་ཁྱབ་སྒྲོག་བྱས་པའི་གནོད་ཐེབས་གནས་ཚུལ་ལྟར་ན། མེན་ལན་ལའོ་གླིང་ཕྲན་གྱི་ལཱ་ནོའུ་བྱང་མ་དང་ཏཱ་བོ་བྱང་མ། ཏཱ་བོ་ཤར་མ། ཨ་ཀུའུ་སང་བྱང་མ། ཨ་ཀུའུ་སང་ལྷོ་མ། ཏིས་ནཱ་ཅཱ་ཐི་སོགས་ཞིང་ཆེན་དུ་བསྡོམས་པས་རི་ཉིལ་བའི་དོན་རྐྱེན་ཐེངས་བདུན་བྱུང་བ་དང་། ས་ཁུལ་མང་བོར་ཆུ་ལོག་གི་གནོད་པ་ཐེབས་ཡོད་ཟེར། ས་དེའི་ནམ་ཟླའི་ཆེད་མཁས་པ་ཁི་ལུའུ་ཙི་ཡིས་དབྱེ་ཞིབ་བྱས་དོན། མིག་སྔར་ཧྥེ་ལེ་པེན་གྱི་མེན་ལན་ལའོ་དང་མུས་ཧྲ་ཡན། ལོས་སུང་ལྷོ་མ་སོགས་ས་ཁུལ་དུ་མ་འོངས་པའི་ཉིན་གཉིས་ཀྱི་ནང་སྔར་བཞིན་ཆར་བ་འབབ་རྒྱུ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག