མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་ཕྱིར་བསྐྱལ་ནས་བརླག་པའི་འགུལ་སྐྱོད་མྱུར་དུ་སྤེལ་རྒྱུ་ཡིན་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས28ཉིན་རང་གི་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། སི་རི་ཡའི་རྫས་འགྱུར་མཚོན་ཆ་མངའ་ཁོངས་ལས་ཕྱིར་བསྐྱལ་བའི་བྱ་བ་ཁ་ཤས་རྗེས་སུ་བསྣུར་ནའང་། རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པས་མུ་མཐུད་བྱ་བ་བསྒྲུབ་ནས། མྱུར་དུ་སི་རི་ཡའི་རྫས་འགྱུར་མཚོན་ཆ་བདེ་འཇགས་ངང་ཕྱིར་བསྐྱལ་ཏེ་བརླག་རྒྱུ་ཡིན་ཞེས་བཤད།

གསལ་བསྒྲགས་ནང་དུ་བཤད་རྒྱུར། རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པའི་དམིགས་བསལ་མཐུན་སྦྱོར་ཉིན་དེར་ལག་རྩལ་རང་བཞིན་གྱི་རྒྱུ་རྐྱེན་ཁ་ཤས་ཀྱི་དབང་གིས། ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ལ་གཏན་ཁེལ་བྱས་ཡོད་པའི་སི་རི་ཡའི་རྫས་འགྱུར་མཚོན་ཆ་སྐོར་དང་པོ་མངའ་ཁོངས་ལས་ཕྱིར་བསྐྱལ་བའི་བྱ་བ་དེ་རྗེས་ལ་བསྣུར་བ་ཡིན་ཞེས་བསྒྲགས་མོད། ཡིན་ནའང་ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་བརླག་པའི་ཐད་འབད་འབུངས་བྱས་པ་དེར་གྲུབ་འབྲས་གལ་ཆེན་ཐོབ་བཞིན་ཡོད་པ་དང་། སྔོན་གྱི་ཟླ་གསུམ་རིང་ལ་གཏན་ཁེལ་བྱས་པའི་དམིགས་འབེན་གལ་ཆེན་ཚང་མ་མངོན་འགྱུར་བྱས་ཡོད་ཅེས་བཤད་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། སི་རི་ཡའི་རྫས་འགྱུར་མཚོན་ཆ་ཕྱིར་བསྐྱལ་བའི་བྱ་བ་རྗེས་ལ་བསྣུར་ན་ཡང་། རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པས་མུ་མཐུད་དུ་སི་རི་ཡ་སྲིད་གཞུང་དང་། རྒྱབ་སྐྱོར་དང་རོགས་རམ་བྱེད་བཞིན་པའི་འབྲེལ་ཡོད་རྒྱལ་ཁབ་ལ་མཉམ་ལས་ཟབ་མོ་བྱས་ཏེ། སི་རི་ཡའི་རྫས་འགྱུར་མཚོན་ཆ་ཕྱིར་བསྐྱལ་བ་དང་བརླག་པའི་འགུལ་སྐྱོད་མྱུར་དུ་སྤེལ་རྒྱུ་ཡིན་ཟེར།

རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་ཀྱིས་གཏན་ལ་ཕབ་པའི་སི་རི་ཡའི་རྫས་འགྱུར་མཚོན་ཆ་བརླག་པའི་དུས་ཚོད་ལྟར་ན། སི་རི་ཡའི་ཕྱི་ནས་བརླག་དགོས་པའི་རྫས་འགྱུར་མཚོན་ཆ་དེ་དག་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་སི་རི་ཡ་ནས་བསྐྱལ་དགོས་པ་དང་། འཆར་གཞི་ལྟར་ན་རྫས་འགྱུར་མཚོན་ཆ་དེ་དག་ལ་ཐ་ཅི་ཡ་གྲུ་ཁ་ནས་རྒྱལ་ཁབ་གཞན་པར་བསྐྱལ་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག