མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་འཇར་པན་གྱིས་འདོན་སྤྲོད་བྱས་པའི་མདེལ་རྫས་ཕྱིར་སྟེར་རྒྱུ་ཡིན་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས27ཉིན་བཤད་རྒྱུར། ཧན་གོས་འཇར་པན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མ་རུ་སྡོད་པའི་ཆེད་མངགས་ཚོགས་པ་བརྒྱུད་དེ་ཧན་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འདོན་སྤྲོད་བྱས་པའི་མདེལ་རྫས་མྱུར་དུ་ཕྱིར་སྟེར་རྒྱུ་ཡིན་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་གཞོན་པ། སྐམ་དམག་གི་དམག་དཔོན་ཝེ་ཡུང་ཧྥན་གྱིས་བཤད་རྒྱུར། དམག་དོན་ཁ་གསབ་དངོས་རྫས་དེ་དག་ཧན་གོ་ནས་སུའུ་ཏན་ལྷོ་མའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྒར་སར་བསྐྱལ་བའི་ལམ་དུ་ཡོད་པས། དམག་དོན་ཁ་གསབ་དངོས་རྫས་དེ་དག་དམག་སྒར་ལ་འབྱོར་རྗེས། ང་ཚོས་མྱུར་དུ་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ལ་སྟེར་རྒྱུ་ཡིན་ཟེར།

ཝེ་ཡུང་ཧྥན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཚེས26ཉིན་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཉེས་ཅན་ལ་མཆོད་འབུལ་བྱེད་སའི་ཅིན་གོ་ལྷ་ཁང་ལ་མཇལ་བ་དེས་རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་བར་ཤུགས་རྐྱེན་ངན་པ་ཐེབས་པ་དང་། ང་ཚོས་འཇར་པན་ཕྱོགས་ལ་འདི་ལྟ་བུའི་ཡིད་ཆེས་བྱེད་ཐབས་བྲལ་བའི་བྱ་སྤྱོད་ལ་བརྟེན་ནས་དམག་དོན་འབྲེལ་བ་ཞིག་ཇི་ལྟར་འཛུགས་ཐུབ་བམ་ཞེས་འདྲི་འདོད་ཡོད་ཟེར།

སུའུ་ཏན་ལྷོ་མ་རུ་སྡོད་པའི་འཇར་པན་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཚེས23ཉིན་སུའུ་ཏན་ལྷོ་མ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཚོགས་པ་བརྒྱུད་དེ་ཧན་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་མདེལ་རྫས་ཁྲི་གཅིག་འདོན་སྤྲོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག