མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་གཟའ་འཁོར་རྗེས་མར་དབུས་ཤར་ས་ཁུལ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ས་ཅི་ཡིས་ཚེས28ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཟླ་རྗེས་མའི་ཚེས1ཉིན་ཡང་བསྐྱར་དབུས་ཤར་ས་ཁུལ་ལ་འཚམས་འདྲི་བྱས་ཏེ། དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་ཞི་བའི་གྲོས་མོལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་རེད་ཟེར།

ཐེངས་འདིའི་འཚམས་འདྲི་ནི་ཁི་ལེ་ཡིས་ད་ལོའི་ཟླ་གཉིས་པར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་རྗེས་དབུས་ཤར་ས་ཁུལ་ལ་འཚམས་འདྲི་བྱེད་ཐེངས་བཅུ་བ་རེད། ཕུའུ་ས་ཅི་ཡིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ཁི་ལེ་ཡིས་ཡེ་ལུའུ་ས་ལུན་དང་ལ་མུའུ་ཨན་ལ་ནས་སོ་སོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་གཉིས་ལ་གྲོས་མོལ་བྱས་ཏེ། དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་ཀྱི་མཐའ་མཇུག་གི་གོ་གནས་གནད་དོན་དང་བཅས་ཀྱི་གྲོས་གཞི་མང་པོར་གྲོས་སྡུར་བྱེད་རྒྱུ་རེད་ཟེར།

ད་ལོའི་སྤྱི་ཟླ7པའི་ཚེས29ཉིན། དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་བར་མཚམས་ཆད་དེ་ལོ་གསུམ་ཙམ་འགོར་བའི་ཐད་ཀར་གྱི་ཞི་བའི་གྲོས་མོལ་དེ་ཝ་ཧྲིན་ཏོན་ནས་ཡང་བསྐྱར་སྤེལ། སྐབས་དེར་ཁི་ལེ་ཡིས་དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་ཟླ་དགུའི་ནང་དུ་ཡེ་ལུའུ་ས་ལུན་གྱི་གོ་གནས་དང་། ཕ་ལེ་སི་ཐན་གྱི་ཡུལ་གྱར་བ་ཕྱིར་ལོག་པའི་དབང་ཆ། ཕ་ལེ་སི་ཐན་རྒྱལ་ཁབ་མཐའ་མཚམས་གཏན་ཁེལ་བྱེད་པ་སོགས་མཐའ་མཇུག་གི་གོ་གནས་གནད་དོན་ཐད་ནས་གྲོས་འཆམ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་བསྒྲགས་མོད། ཡིན་ནའང་དབྱི་སི་རལ་གྱིས་རང་གིས་བདག་ཏུ་བཟུང་བའི་ཕ་ལེ་སི་ཐན་གྱི་མངའ་ཁོངས་ནས་གཏན་སྡོད་ཁང་པ་གསར་བ་ལས་རྒྱུ་ཡིན་ཞེས་ཡང་དང་བསྐྱར་དུ་བསྒྲགས་པས། ཕྱོགས་གཉིས་བར་རྩོད་གླེང་བྱུང་བ་དང་། ཕ་ལེ་སི་ཐན་གྱི་གྲོས་མོལ་ཚོགས་པས་གྲོས་མོལ་བྱེད་མཚམས་འཇོག་པའི་རེ་བ་བཏོན་པས། ཞི་བའི་གྲོས་མོལ་དེ་མཚམས་ཆད།

དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཚེས27ཉིན་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གིས་ཡེ་ལུའུ་ས་ལུན་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཁང་པ1400གསར་དུ་ལས་རྒྱུ་ཡིན་པར་མ་ཟད། འབྲེལ་ཡོད་འཆར་གཞི་གཟའ་འཁོར་རྗེས་མར་སྒྲོག་རྒྱུ་ཡིན་ཟེར། ཕ་ལེ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལེ་ཁ་ཐི་ཡིས་ཉིན་དེར་བཤད་རྒྱུར། ཨ་པ་སི་ཡིས་ཨ་མེ་རི་ཁས་དབྱི་སི་རལ་གྱིས་ཡུག་ཐེ་བ་གཏན་སྡོད་བྱེད་ས་གསར་དུ་ལས་པའི་འཆར་གཞི་ལ་བཀག་འགོག་བྱས་ཏེ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་སྲུང་སྐྱོབ་བྱེད་རྒྱུའི་འབོད་སྐུལ་བཏང་སོང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག