མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་པེ་རུ་ཐི་ནས་བྱུང་བའི་འགས་གཏོར་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་བ་ཕུའུ་ལ་མུའུ་པུའུ་ལེ་ཡིས་ཚེས27ཉིན་ལེ་པ་ནུན་གྱི་རྒྱལ་ས་པེ་རུ་ཐི་གྲོང་ཁྱེར་དཀྱིལ་དབུས་ནས་བྱུང་བའི་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཕུའུ་ལ་མུའུ་པུའུ་ལེ་ཡིས་པེ་རུ་ཐི་ནས་གསལ་བསྒྲགས་སྤེལ་ཏེ། ལེ་པ་ནུན་གྱི་སྔོན་ཆད་ཀྱི་ཙུང་ལི་ས་ཨ་ཏི•ཧ་ལེ་ལེ་ཡི་བློ་འདོན་པ་མུའུ་ཧན་མོ་ཏི•ཞ་ཐ་ཧ་སོགས་མི་དྲུག་རྐྱེན་ལམ་དུ་ཤོར་བར་བྱས་པའི་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད་དེར་ཡ་ང་བ་དང་ཡིད་ཕངས་པའི་ཚུལ་བསྟན། ཁོས་ཞ་ཐ་ཧ་ནི་བློ་རིག་འཛོམས་ཤིང་དཔའ་ངར་ཆེ་བའི་རྒྱལ་གཅེས་མི་སྣ་ཞིག་ཡིན་ལ། ལེ་པ་ནུན་གྱི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་པ་དང་མི་རིགས་འགྲིག་མཐུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གང་མང་ཕུལ་མྱོང་ཞེས་བསྟན།

ཕུའུ་ལ་མུའུ་པུའུ་ལེ་ཡིས་འཇིགས་སྐུལ་དོན་རྐྱེན་དང་དྲག་ཤུགས་དོན་རྐྱེན་གཞན་པའི་ཉེས་ཅན་མྱུར་དུ་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱོར་དགོས་ཞེས་ནན་གྱིས་བསྟན། ཁོས་ལེ་པ་ནུན་གྱི་ཕྱོགས་ཁག་སོ་སོས་དཀའ་ངལ་གྱི་དུས་འདིར་རང་ཚོད་འཛིན་དགོས་པ་དང་། ལེ་པ་ནུན་གྱི་མི་ཚང་མས་རྒྱལ་ཁབ་ལས་ཁུངས་དང་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག