མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བར་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:27

2.jpg

  ཟླ12པའི་ཚེས27ཉིན། ཧན་གོའི་མང་ཚོགས་ཀྱིས་ཧྲིག་ཨར་དུ་ཡོད་པའི་འཇར་པན་གཞུང་ཚབ་ཁང་གི་ཕྱི་རོལ་ནས་རྔམ་སྟོན་བྱ་འགུལ་སྤེལ་ཏེ། ཨན་པེ་ཅིན་སན་གྱིས་ཚེས26ཉིན་རང་ཉིད་སྲིད་སྟེགས་སུ་བུད་ནས་ལོ་གཅིག་ལོན་པའི་སྐབས་སུ་ཅིན་གོ་ལྷ་ཁང་ལ་མཇལ་བར་རྒོལ་གཏམ་དྲག་པོ་གཏོང་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཕྱོགས་སོ་སོས་ངོ་རྒོལ་བྱས་པར་མ་འཛེམས་པར། ཅིན་གོ་ལྷ་ཁང་གི་དམག་འཁྲུག་གི་ཉེས་ཅན་རིམ་པ་དང་པོར་མཆོད་འབུལ་བྱེད་སའི་ཅིན་གོ་ལྷ་ཁང་ལ་མཇལ་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་མཐའ་གཅིག་ཏུ་རྒོལ་གཏམ་བཏང་།

  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ང་ཚོས་འཇར་པན་གྱི་མགོ་ཁྲིད་པས་རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡུན་རིང་གི་ཁེ་ཕན་གཙོ་བོར་འཛིན་པ་དང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱལ་གལ་ཆེན་དུ་བརྩིས་ནས། འགན་ཁུར་བའི་མི་ཞིག་བྱེད་རྒྱུ་དང་འགན་ཁུར་བའི་སྐད་ཆ་བཤད་རྒྱུ། འགན་ཁུར་བའི་དག་དག་བསྒྲུབ་རྒྱུའི་རེ་བ་བཅངས་ཡོད། གལ་ཏེ་མུ་མཐུད་ལོག་ལམ་དུ་སོང་ནས་རྒྱལ་སྤྱིའི་དྲང་བདེན་ལ་འགྲན་སློང་བ་དང་། མིའི་རིགས་ཀྱི་ལྷག་བསམ་ལ་རྡོག་བརྫིས་གཏོང་བ། ཁྱིམ་མཚེས་ཀྱི་འབྲེལ་བར་གཏོར་བརླག་བྱས་ཚེ། ང་ཚོས་ངེས་པར་དུ་རྒོལ་ལན་ཚ་ཐག་སྤྲོད་ངེས་ཡིན་ཟེར། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་ཚེས27ཉིན་བཤད་རྒྱུར། ང་ཚོས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་འཛེམ་བག་མེད་པར་ཅིན་གོ་ལྷ་ཁང་ལ་མཇལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་། འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ལྷག་བསམ་ལ་འགྲན་ཚབས་ཆེན་སློང་བའི་བྱ་སྤྱིའི་འདིའི་རིགས་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར།

  ཧན་གོ་སྲིད་གཞུང་གི་མགྲིན་ཚབ་པས་ཚེས26ཉིན་བཤད་རྒྱུར། ཨན་པེ་ཅིན་སན་གྱིས་མཐའ་འཁོར་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སེམས་ཁུར་དང་ཉེན་བརྡར་མ་ཉན་པར་འཛེམ་བག་ཅི་ཡང་མེད་པའི་སྒོ་ནས་ཅིན་གོ་ལྷ་ཁང་ལ་མཇལ་བ་དེར་ཧན་གོ་སྲིད་གཞུང་ཁོང་ཁྲོ་ལངས་ཡོད་པ་དང་རྒོལ་གཏམ་བཏང་བ་ཡིན་ཟེར། ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས27ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་རྒྱལ་ཚོགས་གཟའ་འཁོར་རྗེས་མར་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། ཨན་པེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་བར་རྒོལ་གཏམ་གཏོང་རྒྱུ་རེད་ཟེར།

  ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏུན་གྱི་མགྲིན་ཚབ་པས་ཚེས27ཉིན་གསལ་བསྒྲགས་སྤེལ་ནས། ཨན་པེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་བར་རྒོལ་གཏམ་བཏང་བ་དང་། དབྱིན་ཇིའི་ཉིན་རེའི་གློག་འཕྲིན་ཚགས་པར་སྟེང་ཚེས27ཡིན་རྩོམ་ཡིག་བཀོད་ནས་ཨན་པེ་ཅིན་སན་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་ནན་མོ་བྱས་ཡོད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁ་ཧྲི་ཝེ་ཆི་ཡིས་ཚེས26ཉིན་བཤད་རྒྱུར། ཨུ་རུ་སི་འཇར་པན་གྱི་དབུ་བཞུ་བློན་ཆེན་ཨན་པེ་ཅིན་སན་གྱིས་ཉིན་དེར་ཅིན་གོ་ལྷ་ཁང་ལ་མཇལ་བར་ཡིད་ཕངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག