མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་འཇར་པན་གྱིས་རྒྱལ་ཁབ་གཞན་པའི་མི་དམངས་ལ་བརྩི་བཀུར་བྱ་འོས་ཞེས་ནན་གྱིས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་སྤྱི་ཟླ12པའི་ཚེས27ཉིན་མགྲིན་ཚབ་པ་བརྒྱུད་དེ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་བར་དོ་སྣང་བྱེད་པའི་ཚུལ་བསྟན་པ་དང་། འཇར་པན་གྱིས་རྒྱལ་ཁབ་གཞན་པ་དང་ལྷག་པར་དུ་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་གནོད་པ་ཐེབས་མཁན་ལ་བརྩི་བཀུར་བྱེད་འོས་པ་མ་ཟད། གཙོ་བོ་ཨེ་ཤ་ཡ་ཤར་བྱང་རྒྱལ་ཁབ་བར་དུ་ཡིད་ཆེས་ཀྱི་གྲོགས་པོའི་འབྲེལ་བ་དམ་པོ་འཛུགས་དགོས་ལ། འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་འདིའི་ཐད་ནས་དམིགས་བསལ་གྱི་འགན་ཁུར་ཡོད་ཅེས་ནན་གྱིས་བཤད།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ཁོས་ཀྲུང་གོ་དང་ཧན་གོས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་བར་ངོ་རྒོལ་དྲག་པོ་བྱེད་བཞིན་པ་མཐོང་སོང་ལ། ལོ་རྒྱུས་རྒྱུ་རྐྱེན་གྱིས་རྒྱལ་ཁབ་བར་གྱི་འབྲེལ་བ་ཛ་དྲག་ཏུ་བཏང་བར་ཡིད་ཧ་ཅང་ཕངས་ཡོད་པས། འབྲེལ་ཡོད་རྒྱལ་ཁབ་བར་དུ་ལོ་རྒྱུས་གནད་དོན་སྟེང་ནས་གཅིག་མཐུན་གྱི་ལྟ་ཚུལ་འབྱུང་རྒྱུ་དང་ཕན་ཚུན་ལ་རྒྱུས་ལོན་བྱེད་རྒྱུའི་རེ་བ་དྲག་པོ་བཅངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག