མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ་མི་ཉི་ཤུ་ལྷག་ལ་རྨས་ཕོག་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:51

泰国抗议示威者与警察发生冲突 20多人受伤 1.jpg

2013ལོའི་སྤྱི་ཟླ12པའི་ཚེས25ཉིན། ཐེ་གོའི་མན་ཀུའུ་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་ཐེ་རི་ལུས་རྩལ་ཁང་དུ་སོང་ནས་མི་གཞན་པ་ལུས་རྩལ་ར་བ་དེར་སོང་ནས་འདེམ་སྒུག་མི་སྣའི་ཐོ་འགོད་བྱེད་པར་བཀག་འགོག་བྱེད་རྩིས་བྱས། འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་སྤེལ་བའི་བརྙན་འཕྲིན་གསལ་སྒྲོག་ལྟར་ན། བསྡོམས་པས་ཏང་ཁག་སོ་བཞི་ཡིས་དུས་ལྟར་འདེམ་སྒུག་མི་སྣའི་མིང་ཐོ་ཐོ་འགོད་བྱས་ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན། ཐེ་གོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ12པའི་ཚེས23ཉིན་ནས་ཚེས27ཉིན་བར་འདེམ་སྒུག་མི་སྣར་ཐོ་འགོད་བྱེད་པའི་དུས་ཚོད་དུ་གཏན་འཁེལ་བྱས་ཡོད།

泰国抗议示威者与警察发生冲突 20多人受伤 2.jpg

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཐེ་གོར་བཅོས་བསྒྱུར་བྱེད་པའི་སློབ་མ་དང་མང་ཚོགས་མནའ་འབྲེལ་གྱི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཚེས26ཉིན་གྱི་སྔ་དྲོར་ཐེ་རི་ལུས་རྩལ་ཁང་དུ་འགྲོ་རྩིས་བྱེད་སྐབས་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་། ཉེན་རྟོག་ཕྱོགས་ཀྱིས་དུད་འཕྱུར་འགད་རྫས་འཕང་ནས་རྔམ་སྟོན་ཁྲོམ་སྐོར་མཁན་ལ་བཀག་འགོག་བྱེད་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་རྡོ་དང་ཤེལ་དམ་སོགས་བཀོལ་ནས་རྒོལ་ལན་སྤྲད། ཕྱོགས་གཉིས་ཀྱི་འཁྲུག་རྩོད་དེ་ལས་མི་ཉི་ཤུ་ལྷག་ལ་རྨས་ཕོག

    མན་ཀུའུ་ཨེ་ལོས་ཝན་བྲེལ་མྱུར་སྨན་བཅོས་ཞབས་ཞུའི་ལྟེ་གནས་ཀྱིས་བཤད་པ་ལྟར་ན། རྔམ་སྟོན་ཁྲོམ་སྐོར་མཁན་ཉེར་གསུམ་ལ་དུད་འཕྱུར་འགད་རྫས་ཀྱི་རྨས་སྐྱོན་ཐེབས་ཏེ། སོ་སོར་མན་ཀུའུ་ཡི་སྨན་ཁང་བཞི་རུ་བསྐྱལ་ནས་སྨན་བཅོས་བྱས་ཟེར། གཞན་ཡང་བསྒྲག་པ་ལྟར་ན། རྔམ་སྟོན་ཁྲོམ་སྐོར་མཁན་དང་འཁྲུག་རྩོད་བྱེད་སྐབས་ཉེན་རྟོག་པ་བཞི་ལའང་རྨས་ཕོག་ཟེར།

    ཐེ་གོའི་ལྟ་སྐྱོང་ནེ་ཀིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སུའུ་ལཱ་ཕིན་གྱིས་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་ཐེ་རི་ལུས་རྩལ་ར་བར་བཙན་གྱིས་བགྲོད་རྩིས་བྱས་པས། ཉེན་རྟོག་ཕྱོགས་འུ་ཐུག་ཐབས་ཟད་དུ་གྱུར་བའི་གནས་ཚུལ་འོག་བྱེད་ཐབས་ནུས་ལྡན་སྤྱད་དེ་བཀག་འགོག་མི་བྱེད་ཐབས་མེད་བྱུང་ཟེར།

    གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེ་གོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཚེས26ཉིན་སྲིད་གཞུང་གིས2014ལོའི་སྤྱི་ཟླ12པའི་ཚེས2ཉིན་གཏན་འཁེལ་བྱས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་རྗེས་སུ་སྣུར་དགོས་པའི་འབོད་སྐུལ་བཏང་།

    གསལ་སྒྲོག་དེ་ལས་ཐེ་གོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། སྲིད་གཞུང་དང་ངོ་རྒོལ་མཁན་བར་ཞི་བདེ་ཡོང་ཐབས་མེད་པའི་དབང་གིས་སྲིད་གཞུང་གིས་འདེམ་བསྐོའི་དུས་ཚོད་རྗེས་སུ་སྣུར་བར་བསམ་བློ་གཏོང་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག