མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་སྲིད་གཞུང་གིས་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོའི་དུས་ཚོད་རྗེས་སུ་སྣུར་བའི་རེ་བ་དང་ལེན་མ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་གཞོན་པས་ཚེས26ཉིན་བསྟན་དོན། ཐེ་གོའི་སྲིད་གཞུང་གིས་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོའི་དུས་ཚོད་རྗེས་སུ་སྣུར་བའི་སྐོར་གྱི་རེ་བ་དང་ལེན་མ་བྱས་ཟེར།

ཐེ་གོའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ལྟ་སྐྱོང་སྲིད་གཞུང་གིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་སྤེལ་རྒྱུར་ཐག་བཅད་པའི་སྐབས་རྗེས་མའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཉིན་རིམ་དེ་ཕྱོགས་སོ་སོས་ཆབ་སྲིད་ཀྱི་འགལ་བ་ཐག་གཅོད་བྱེད་པའི་གྲོས་གཞི་འཚོལ་ཞིབ་བྱེད་རག་བར་དུ་རྗེས་སུ་སྣུར་དགོས་པའི་གྲོས་གཞི་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག