མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཞིབ་དཔྱོད་ལས་ཁུངས་ཀྱིས་བཀའ་རྒྱ་བཏང་སྟེ་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་ཁོངས་མི་བདུན་འཛིན་བཟུང་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཞིབ་དཔྱོད་ལས་ཁུངས་ཀྱིས་བཀའ་རྒྱ་བཏང་སྟེ་སྔོན་ཆད་ཀྱི་གྲོས་མི་གཅིག་དང་བཅས་པའི་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་ཁོངས་མི་བདུན་འཛིན་བཟུང་བྱས་པ་དང་། ཁོ་ཚོ་འཇིགས་སྐུལ་རྩ་འཛུགས་ནང་ཞུགས་ཡོད་པའི་སྐྱོན་འཛུགས་བྱས། མི་བདུན་གྱི་ཁྲོད་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་མགོ་ཁྲིད་པ་གཞོན་པའི་བུ་ཡང་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་གནས་སྐབས་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེའི་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་འཇིགས་སྐུལ་རྩ་འཛུགས་ཡིན་ཟེར། ཨེ་ཅིབ་ཀྱི་མཐོ་རིམ་སློབ་གསོའི་པུའུ་ཀྲང་ཨེ་དབྱེ་སཱ་ཡིས་བཤད་རྒྱུར། མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ཡིན་པར་ཁྱབ་སྒྲོག་བྱས་པ་ལས་རྩ་འཛུགས་དེར་གཏོགས་པའི་མི་དང་རྩ་འཛུགས་དེར་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་མཁན། ཡང་ན་རྩ་འཛུགས་དེའི་བྱ་འགུལ་ལ་འུད་བསྟོད་བྱེད་མཁན་ཚང་མར་ཁྲིམས་ཆད་ཕོག་སྲིད་ཟེར།

མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་འདེམ་སྒུག་མི་སྣ་མུའུ་ཨར་ཞི་ན་ནིང་ཟླ་དྲུག་པར་ཨེ་ཅིབ་ཀྱི་དམངས་གཙོའི་འདེམ་བསྐོ་ཐོག་མའི་སྐབས་ཙུང་དུ་བདམས་ཀྱང་། ཅང་མ་འགོར་བར་མང་ཚོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ངོ་རྒོལ་བྱས་པར་མ་ཟད། ད་ལོའི་ཟླ་བདུན་པར་ལས་འགན་བླངས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག