མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ལ་མེ་སྒོར་ས་ཡ་གཉིས་བྱིན་ནས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ཐད་བཀོལ་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་ཕྱོགས་བདེ་འཇགས་དང་དམག་མི་ཉུང་འཕྲིའི་གནད་དོན་གྱི་དཔོན་པོ་བུའུ་ལི་དབྱང་ནོའུ་ཧྥུའུ་ཡིས་ཚེས25ཉིན་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་གཟའ་འཁོར་གཅིག་གི་ནང་མཉམ་འབྲེལ་རྒྱལ་ཚོགས་ལ་མེ་སྒོར་ས་ཡ་གཉིས་བྱིན་ནས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ཐད་བཀོལ་རྒྱུ་ཡིན་ཟེར།

བུའུ་ལི་དབྱང་ནོའུ་ཧྥུའུ་ཡིས་བསྟན་དོན། ལོ་གསར་བ་མ་ཚེས་གོང་ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ལ་མེ་སྒོར་ས་ཡ་གཉིས་སྟེར་རྒྱུ་ཡིན་ཟེར།

ཁོས་བསྟན་དོན། དེའི་སྔོན་ཨུ་རུ་སི་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་རྩ་འཛུགས་ལ་མ་དངུལ་སྟེར་རྒྱུའི་འཆར་གཞི་ཡོད་ཀྱང་། མཇུག་མཐར་རྩ་འཛུགས་དེའི་མ་དངུལ་དག་རྫས་འགྱུར་མཚོན་ཆ་སི་རི་ཡཱའི་མངའ་ཁོངས་ནས་ཕྱིར་སྐྱེལ་འདྲེན་བྱས་རྗེས་མེད་པར་གཏོང་བའི་འཕེལ་རིམ་ཐད་བཀོལ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཐེབས་རྩ་དེ་ནི་སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆའི་སྐྱེལ་འདྲེན་འགུལ་སྐྱོད་ཀྱི་ཐོག་མའི་དུས་རིམ་གྱི་དགོས་མཁོ་བསྐང་ཆེད་བཙུགས་པ་ཞིག་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག